རྒྱ་གར་གི་དམག་སྤྱི་ཟུར་པ་མཇལ་འཕྲད།


2013.09.25
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་རྒྱ་གར་གྱི་དམག་སྤྱི་ཟུར་པ་དང་མཇལ་འཕྲད་གནང་བ།
ཝི་ཀི་པི་ཌི་ཡ།

༄༅༎ཉེ་ཆར་རྒྱ་གར་གཞུང་གི་དམག་སྤྱི་ཟུར་པ་སྐུ་ཞབས་Bharat Verma དྷ་སར་ཕེབས་ནས། ཕྱི་ཚེས་༢༣ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། དེ་རྗེས་གྲོས་ཚོགས་སུ་ཟུར་ཉན་དུ་ཕེབས་འདུག།
སྐབས་དེར་ཚོགས་གཙོ་མཆོག་གིས་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་དང་འབྲེལ་གྲོས་ཚོགས་སུ་ཕེབས་པར་དགའ་བསུ་ཞུས་གནང་འདུག
ཉིན་དེའི་དགོང་དྲོ་ཕྱག་ཚོད་ལྔ་པ་ནས་དུས་ཡུན་སྐར་མ་༢༠ཙམ་གྱི་རིང༌། དམག་སྤྱི་ཟུར་པ་Bharat Verma ཡིས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་སྤྱི་འཐུས་རྣམ་པ་དང་དབུས་གཞུང་ཞབས་པ་མི་ཉུང་བ་ཞིག་ལ།  རྒྱ་གར་དང་བོད་གཉིས་དབར་གྱི་འབྲེལ་བའི་ལོ་རྒྱུས་སྐོར་གསུང་བཤད་གནང་སྐབས་ཁོང་གིས་རྒྱ་གར་དང་བོད་གཉིས་ནི་ལོ་རྒྱུས་ཐོག་རིག་གཞུང་དང་ལྟ་གྲུབ་སྣ་མང་གི་ཕྱུག་པ་མ་ཚད། ལོ་ངོ་བརྒྱ་ཕྲག་རིང་སྤྱི་ཚོགས་ཞི་བདེའི་ངང་གནས་ཐུབ་པ་བྱུང་ཡོད་སྐོར་དང༌།
གཞན་ཡང་རྒྱ་ནག་དམར་པོའི་གཞུང་གིས་བོད་རྒྱལ་ཁབ་ནང་བཙན་འཛུལ་བྱས་པ་ནས་བཟུང་ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་གནས་བབ།  དེ་བཞིན་རྒྱ་གར་དང་པ་ཀིསྟན་སོགས་ཀྱི་ས་མཚམས་ཀྱི་དཀའ་ངལ་བཅས་ཀྱི་སྐོར་གསུང་བཤད་སྙིང་བསྡུས་ཤིག་གནང་རྗེས། དྲི་བ་དྲི་ལན་ཡང་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎