བོད་མིའི་དམིགས་བསལ་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ།

དམིགས་བསལ་ཚོགས་ཆེན་སྐབས་ཕེབས་འདོད་ཡོད་པའི་བཀའ་ཟུར་དང་སྤྱི་ཟུར་རྣམ་པ་ཚོས་ཚོགས་འདུར་ཕེབས་རྒྱུའི་ཆེད་དེབ་སྐྱེལ་གནང་དགོས་པ།

2008.10.07

༄༅༎རིང་མིན་ཕྱི་ཟླ་བཅུ་གཅིག་པའི་ནང་ཚུགས་གཏན་འཁེལ་བའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་སྐབས་ཕེབས་འདོད་ཡོད་པའི་བཀའ་ཟུར་རྣམ་པ་དང་སྤྱི་ཟུར་རྣམ་པ་ཚོས་ཚོགས་འདུར་ཕེབས་རྒྱུའི་ཆེད་དེབ་སྐྱེལ་གནང་དགོས་སྐོར་གཟའ་ཟླ་བའི་ཉིན་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་ཡིག་ཚང་ནས་གསལ་བསྒྲགས་གནང་འདུག

གསལ་བསྒྲགས་དེའི་ནང་ཚོགས་འདུར་ཕེབས་མཁན་གྱི་བཀའ་ཟུར་དང་སྤྱི་ཟུར་རྣམ་པ་རེ་རེའི་ངོས་ནས་ཚོགས་འདུར་ཕེབས་གཏན་འཁེལ་བའི་ཕྱག་བྲིས་ཤིག་ཕྱི་ཟླ་བཅུ་པའི་ཚེས་སུམ་ཅུ་སོ་གཅིག་འགྱང་མེད་ཚོགས་དྲུང་ཡིག་ཚང་དུ་འབུལ་ཟིན་དགོས་ལུགས་འཁོད་འདུག་ཅིང་ཡང་གསལ་བསྒྲགས་དའེི་ནང་དམིགས་བསལ་ཚོགས་ཆེན་ཐོག་ཕེབས་མཁན་གྱི་ཆོས་ལུགས་དང་ཆོས་བརྒྱུད་ཁག་གི་སྐུ་ཚབ་ཆ་བགོས་གནང་རྒྱུའི་ལས་འགན་དེ་ཆོས་ལུགས་ཁག་གི་སྤྱི་འཐུས་རྣམ་པར་གནང་ཡོད་པའི་སྐོར་ཡང་འཁོད་འདུག

ད་དུང་ཚོགས་དྲུང་ཡིག་ཚང་ནས་བོད་མི་གནས་ཡུལ་གྱི་གཞིས་ཆགས་ཁག་གི་འགོ་འཛིན་དང་ས་གནས་གྲོས་ཚོགས་ཀྱི་འཐུས་མི་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་འཐུས་ཚབ་ ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་སྐུ་ཚབ་དེ་བཞིན་རང་དབང་ཅན་གྱི་སྡེ་ཚོགས་ལ་སོགས་པའི་སྐུ་ཚབ་རྣམ་པས་སོ་སོའི་ཁྱབ་ཁོངས་སུ་གནས་པའི་བོད་མི་ཚོའི་བསམ་ཚུལ་བསྡུ་རུབ་ཀྱིས་ཚོགས་ཆེན་ཐོག་སྙན་འབུལ་དགོས་རྒྱུའི་ལམ་སྟོན་གནང་ཡོད་པ་དང་ཡང་དང་བླངས་ཀྱི་ཐོག་ནས་ཕེབས་མཁན་ཚོས་སོ་སོའི་ལས་དོན་དང་རྒྱུན་དུ་བོད་དོན་དང་འབྲེལ་བའི་ལས་དོན་ཇི་བྱས་སོགས་སོ་སོའི་ལོ་རྒྱུས་འཁོད་པའི་སྙན་ཞུ་ཞིག་ཚོགས་དྲུང་ཡིག་ཚང་དུ་ཕྱི་ཟླ་བཅུ་པའི་ཚེས་ཉིས་ཤུ་འགྱང་མེད་འབུལ་དགོས་ཀྱི་ཡོད་པ་རེད།

བཀའ་ཟུར་དང་སྤྱི་ཟུར་ཚོགས་འདུར་ཕེབས་འདོད་ཡོད་རིགས་ནས་ལམ་གྲོན་དོ་བདག་སོ་སོའི་ངོས་ནས་ཆེད་གཏོང་གནང་དགོས་པ་དང་ལམ་གྲོན་གཏོང་ཐབས་བྲལ་བ་རྣམས་ནས་གཞུང་ཕྱོགས་ནས་ལམ་གྲོན་ཞུ་རྒྱུའི་སྙན་ཞུ་འབུལ་མཁན་འབྱུང་རིགས་རྣམས་ལ་བཙན་བྱོལ་བོད་གཞུང་གི་ངོས་ནས་དགོངས་བཞེས་གནང་རྒྱུ་ཡིན་འདུག་པ་དང་ལྷག་པར་དུ་ཕྱི་རྒྱལ་ནས་ཕེབས་མཁན་གྱི་བཀའ་ཟུར་དང་སྤྱི་ཟུར་དེ་བཞིན་ས་གནས་བོད་རིགས་ཚོགས་པའི་སྐུ་ཚབ་རྣམས་ནས་ལམ་གྲོན་དང་བཞུགས་གནས་ཀྱི་འགྲོ་སོང་ཡོངས་རྫོགས་ཁུངས་སོ་སོ་ནས་གོ་སྒྲིག་ཞུ་དགོས་པའི་རེ་འདུན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎