བལ་ཡུལ་དུ་རྒྱལ་པོའི་ལམ་སྲོལ་བསྐྱར་གསོའི་རེ་འབོད།

གནས་དབྱུང་བཏང་བའི་རྒྱལ་པོས་ཡུལ་དུ་རྒྱལ་པོའི་སྲོལ་བསྐྱར་གསོ་དགོས་ལུགས་གསུངས་འདུག

2012.07.08

༄༅།།གནས་དབྱུང་བཏང་བའི་བལ་ཡུལ་གྱི་རྒྱལ་ཛྱ་ནེན་དྲ་ཤྭ་(Gyanendra Shah) མཆོག་གི་བསྐྱར་དུ་རྒྱལ་པོའི་ལམ་སྲོལ་བསྐྱར་གསོ་དགོས་ལུགས་གསུངས་ཡོད་པའི་གནས་ཆུལ་ཐོན་འདུག
ཕྱི་ལོ་༢༠༠༨ལོར་བལ་ཡུལ་ནང་རྒྱལ་པོའི་ལམ་ལུགས་མེད་པ་བཟོས་པའི་རྗེས་སུ་ད་ཆ་རྒྱལ་པོ་ཟུར་པ་ ཛྱ་ནེན་དྲ་ཤྭ་མཆོག་བསྐྱར་དུ་གསེར་ཁྲིར་མངའ་སྲོལ་དགོས་ལུགས་ནིའུས་ ༢༤བརྙན་འཕྲིན་ལས་ཁང་ལ་གསུངས་གནང་འདུག།   རྒྱལ་པོ་ཟུར་པས་གསུངས་པར་གཞིགས་ན།  ལོ་དྲུག་ཆབ་སྲིད་ཚོགས་པ་ཁག་དང་མོས་མཐུན་གནང་བའི་སྐབས་རྒྱལ་པོས་ཆབ་སྲིད་ཀྱི་སྐུ་དབང་ཕྱི་བཤོལ་གྱིས་རྒྱལ་ལྡན་དམངས་གཙོའམ་རྩ་ཁྲིམས་གཙོ་གཞུགས་ཀྱི་རྒྱལ་སྲིད་མུ་མཐུད་གནས་རྒྱུར་ཐག་གཅོད་བྱུང་ཡོད་ལུགས་གསུངས་གནང་འདུག  འོན་ཀྱང་གཞུང་གིས་ཕྱི་ལོ་༢༠༠༨ལོར་རྒྱལ་པོ་གནས་དབྱུངས་བྱས་པ་མ་ཟད་  རྒྱལ་པོའི་རིང་ལུགས་ཀྱང་མེད་པ་བཟོས་པ་རེད།  གནས་ཚུལ་ནང་ཐོན་པར་གཞིགས་ན་ རྒྱལ་པོས་ད་ཆ་བསྐྱར་དུ་ཆབ་སྲིད་ཀྱི་སྐུ་དབང་བཞེས་འདོད་མེད་ཀྱང་རྟེན་འབྲེལ་མཚོན་ཆེད་ཀྱིས་སྐུ་དབང་བཞེས་འདོད་ཡོད་པ་གསལ་བཏོན་གནང་ཡོད་དགོས་དོན་ནི་བལ་ཡུལ་ནང་ཆབ་སྲིད་ལྷིང་འཇུགས་མེད་པ་དེར་ཐུག་ཡོད་ལུགས་འགྲེལ་བརྗོད་བྱས་འདུག  ད་ལྟའི་སྐབས་སུ་བལ་ཡུལ་ནང་ཆབ་སྲིད་བརྟན་ལྷིང་མེད་པ་མ་ཟད་བར་བརྒལ་གྱི་གྲོས་ཚོགས་ཀྱང་ཕྱིར་བསྡུ་ཡིས་ད་ལྟ་གཞུང་མེད་པ་ལྟ་བུའི་ཁོར་ཡུག་ནང་ལྷུངས་ནས་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་རེད། རྒྱལ་ཡོངས་འོས་བསྡུ་གསར་པ་ཞིག་འདི་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་གནང་རྒྱུ་ཡིན་པ་རེད།  རྒྱལ་པོ་ཛྱ་ནེན་དྲ་མཆོག་རེས་གཟའ་སྤེནཔའི་དགུང་གྲངས་༦༦པ་ཕེབས་འཁྲུང་སྐར་སྲུང་བརྩི་མཛད་སྒོའི་སྐབས་རྒྱལ་པོའི་ལམ་སྲོལ་གྱི་ཕྱོགས་གཏོགས་སྲིད་དོན་ལ་གཙོས་པའི་མི་སྣ་བརྒྱ་སྐོར་མཉམ་ཞུགས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎