ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེང་ལ་ཚེ་བཙོན་ཉེས་ཁྲིམས།

ཐའེ་ཕེ་ས་གནས་ཁྲིམས་ཁང་གིས་སྲིད་འཛིན་ཟུར་པ་ཁྲེང་ཧྲོའོ་བེན་ལ་ཚེ་བཙོན་གྱི་ཁྲིམས་ཐག་ཉེས་ཆད་བཏང་ཡོད་པའི་གནས་ཚུལ།

2009.09.11

༄༅༎ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེང་ཧྲོའོ་བེན་གྱིས་སྲིད་དབང་འཛིན་པའི་རིང་དཔལ་འབྱོར་ལྐོག་ཟའི་གནད་དོན་གྱིས་དེང་སྐབས་ཁྲིམས་བཤེར་བྱེད་བཞིན་པ་ལྟར་ད་རེས་གཟའ་པ་སངས་ཉིན་ཐའེ་ལྦན་གྱི་ཐའེ་ཕེ་ས་གནས་ཁྲིམས་ཁང་གིས་སྲིད་འཛིན་ཟུར་པ་ཁྲེང་ཧྲོའོ་བེན་ལ་ཚེ་བཙོན་གྱི་ཁྲིམས་ཐག་ཉེས་ཆད་བཏང་ཡོད་པ་དང་དུས་གཅིག་ཏུ་ཐའེ་ལྦན་གྱི་དངུལ་ས་ཡ་གཉིས་བརྒྱ་སྤྲོད་རྒྱུའི་དཔལ་འབྱོར་ཉེས་ཆད་བཅད་ཡོད་པ་རེད། དེ་ནི་འདས་པའི་ནང་ཐའེ་ལྦན་གྱི་ལོ་རྒྱུས་ཐོག་སྲིད་འཛིན་ཟུར་པར་དཔལ་འབྱོར་ལྐོག་ཟའི་གྱོད་དོན་ཐོག་ནས་ཚེ་བཙོན་གྱི་ཁྲིམས་ཐག་ཉེས་ཆད་བཏང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་སྲིད་འཛིན་ཟུར་པ་ཁྲེང་ཧྲོའོ་བེན་གྱི་ལྕམ་ལྦུའུ་ཧྲུའུ་ཀྲན་ལ་ཡང་ལུས་པོའི་གནས་སྟངས་མི་བདེ་བའི་དཀའ་ངལ་ཡོད་མིན་ལ་མ་ལྟོས་པར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། ཐའེ་ཕེ་ས་གནས་ཁྲིམས་ཁང་གི་མགྲིན་ཚབ་པས་ད་རེས་ཐའེ་ཕེ་ཁྲིམས་ཁང་གིས་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེང་ཧྲོའི་བེན་ལ་ཚེ་བཙོན་གྱི་ཁྲིམས་ཐག་ཉེས་ཆད་བཏང་བའི་གནད་དོན་ཐོག་འགྲེལ་བཤད་བརྒྱབ་པའི་སྐབས་ཁྲེང་ཧྲོའི་བེན་ལ་ཁྲིམས་ཐག་ཉེས་ཆད་ཆེན་པོ་དེ་འདྲ་གཏོང་དགོས་དོན་ནི་ཁོང་གིས་རང་ཉིད་ཀྱི་དབང་ཆ་དང་རྒྱབ་ལྗོངས་ཀྱི་དབང་ཤུགས་བེད་སྤྱད་ནས་རྒྱལ་ཁབ་ཀྱི་མཚན་སྙན་མེད་པ་བཟོས་པར་བརྟེན་ནས་ཡིན་ལུགས་གསལ་བཤད་བྱས་ཡོད་འདུག དེ་དང་ཆབས་ཅིག་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེང་ཧྲོའོ་བེན་ལ་རྒྱབ་སྐྱོར་བྱེད་མཁན་མི་གྲངས་བརྒྱ་ཕྲག་ཁ་ཤས་ཀྱིས་ཁྲིམས་ཁང་མདུན་ཁྲེང་ཧྲོའི་བེན་ཉེས་མེད་ཡིན་པ་དང་ཁོང་འཕྲལ་དུ་གློད་བཀྲོལ་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག སྲིད་འཛིན་ཟུར་པ་ཁྲེང་ཧྲོའོ་བེན་གྱི་མགྲིན་ཚབ་པ་གྲང་ཧྲེ་མིན་གྱིས་ཁྲིམས་ཐག་དེ་ནི་རྩ་བ་ནས་ཁས་ལེན་བྱེད་ཐབས་མེད་པ་དང་ཁྲིམས་ཐག་མ་གཅོད་སྔོན་ཁྲིམས་ཞིབ་བྱེད་པའི་སྐབས་ཁྲིམས་ལུགས་དང་མི་མཐུན་པའི་བྱ་སྤྱོད་ཁྲིམས་ཞིབ་བྱེད་པའི་རིང་ཁྲིམས་དཔོན་བརྗེ་པོ་བརྒྱབས་པ་སོགས་བྱས་ཡོད་པར་བརྟེན་ཁྲིམས་ཐག་དེ་ནི་ཁྲིམས་ལུགས་ཀྱི་འགྲོ་སྟངས་དང་མི་མཐུན་པའི་ཐོག་ནས་སྲིད་དོན་གྱི་གནོན་ཤུགས་འོག་བཅད་པ་ཞིག་ཡིན་པས་ང་ཚོས་ཁས་ལེན་རྩ་བ་ནས་བྱེད་ཐབས་མེད་ཅེས་གསུངས་བ་དང་འབྲེལ་མུ་མཐུད་ནས་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་རྩོད་བྱ་རྒྱུ་ཡིན་པ་གསུངས་བཞག ད་རེས་ཐའེ་ཕེ་ས་གནས་ཁྲིམས་ཁང་ནས་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེང་ཧྲོའོ་བེན་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དེའི་ཐོག་གཞུང་འཛིན་གོ་མིན་ཏང་ཚོགས་པའི་ངོས་ནས་ཁྲིམས་ལུགས་ལ་སྲུང་བརྩི་ཞུ་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་པ་དང་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ཁྲེང་ཧྲོའོ་བེན་གྱི་གྱོད་དོན་དེ་མགྱོགས་ཤོས་ལ་ཡང་གཟའ་འཁོར་རྗེས་མ་ཐའེ་ལྦན་གྱི་ཆེས་མཐོའི་ཁྲིམས་ཁང་དུ་བསྐྱལ་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎