ཨ་རིའི་སྲིད་འཛིན་གསར་པས་ཕྱི་འབྲེལ་སྤེལ་མཁས་དགོས་སྐོར།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཁག་ཅིག་གིས་སྲིད་འཛིན་གསར་པས་མཐུན་ཕྱོགས་ཡུལ་གྲུ་ཁག་དང་ཟུང་འབྲེལ་གཏིང་ཟབ་བྱེད་རྒྱུའི་དགོངས་ཚུལ།

2008.09.16

༄༅༎རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཁག་ཅིག་གིས་ ཐེངས་རྗེས་མའི་ཨ་མི་རི་ཀའི་སྲིད་འཛིན་གསར་པ་དེས་ཨ་རིའི་མཐུན་ཕྱོགས་ཡུལ་གྲུ་ཁག་དང་ཟུང་འབྲེལ་གཏིང་ཟབ་ཀྱི་ཐོག་ནས་ལས་དོན་སྤེལ་དགོས་པ་དང་ ཨི་རན་དང་འབྲེལ་བ་བྱེད་དགོས་པ་ དེ་བཞིན་ར་ཤི་ཡ་དང་རྒྱ་ནག་བཅས་པར་ཡང་འབྲེལ་ལམ་མཁས་པོ་བྱེད་དགོས་ལུགས་ཀྱི་དགོངས་ཚུལ་ཞིག་བཏོན་གནང་ཡོད་པ་རེད་

དགོངས་ཚུལ་དེ་གསུངས་མཁན་གྱི་ཁོངས་སུ་ ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཀོ་ལིན་པ་ལྦལ་དང་ ལྕམ་མེ་ཌི་ལིན་ཨོལ་སྦ་རའེཏ་ སྐུ་ཞབས་ལྦ་རན་ཀརིསི་ཊོ་ཕར་དང་ ཇེམ་སི་སྦེ་ཀར་ ཧེན་རི་ཀི་སིན་ཇར་བཅས་ཡོད་ཅིང་ ཁོང་རྣམ་པའི་དགོངས་ཚུལ་དེ་སྲིད་འཛིན་འོས་མི་སྦ་རག་ཨོ་སྦ་མར་དམིགས་སྟེ་གསུངས་པ་ལྟ་བུ་ཞིག་བྱུང་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱས་འདུག

ཁ་སང་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་ཕྱི་སྲིད་དྲུང་ཆེ་ཟུར་པ་རྣམས་ལྷན་འཛོམས་ཀྱིས་བགྲོ་གླེང་ཚོགས་འདུ་དེའི་སྐབས་ གལ་ཏེ་སྦ་རག་ཨོ་སྦ་མ་ཨ་མི་རི་ཀའི་མི་རིགས་ནག་པོའི་སྲིད་འཛིན་དང་པོ་དེར་འོས་འདེམས་བྱུང་ཚེ་ དེས་འཛམ་གླིང་ཐོག་ལོ་རྒྱུས་རང་བཞིན་ལྡན་པའི་བརྡ་ལན་ཤུགས་ཆེ་ཞིག་སྤྲོད་ངེས་ཡིན་པ་གསུངས་ཡོད་པ་རེད་

ཕྱི་སྲིད་དྲུང་ཆེ་ཟུར་པ་དེ་དག་གིས་ ཨ་མི་རི་ཀའི་གཞུང་ངོས་ནས་ཨི་རན་དང་སི་རི་ཡར་ངེས་པར་འབྲེལ་ལམ་བྱེད་དགོས་པར་མོས་མཐུན་གནང་ཞིང་ སྐུ་ཞབས་ཀོ་ལིན་པ་ལྦལ་མཆོག་གིས་ཨི་རན་གྱི་རྡུལ་ཕྲན་ལས་གཞིའི་གནད་དོན་ཐད་ཕན་ཚུན་གྲོས་བསྡུར་ཡོང་རྒྱུར་ དང་ཐོག་དམག་རིམ་ལས་བྱེད་པའི་དབར་འབྲེལ་ལམ་ཞིག་འགོ་བཙུགས་སྟེ་རིམ་པས་འབྲེལ་ལམ་དེ་རྒྱ་སྐྱེད་གཏོང་ཐུབ་པ་ཞིག་ཡོང་རྒྱུ་ཡིན་པའི་དགོངས་ཚུལ་གསུངས་ཡོད་པ་དང་ སྐུ་ཞབས་ཇེམ་སི་སྦེ་ཀར་གྱིས་ དེ་སྔོན་ཨ་རིའི་གཞུང་གིས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་དེ་ལོ་མང་རིང་ཁ་ཕྱོགས་འགྱུར་ཐབས་ཀྱི་སྲིད་བྱུས་ཤིག་ལག་བསྟར་བྱས་ཡོད་པ་ལྟར་ ཨི་རན་ཐོག་ལ་ཡང་དེ་མཚུངས་བྱེད་དགོས་པའི་དགོངས་ཚུལ་བཏོན་གནང་ཡོད་པ་རེད་

ཡང་རྒྱ་ནག་ཐོག་སྐུ་ཞབས་ཧེན་རི་ཀི་སིན་ཇར་ཡིས་ ཨ་མི་རི་ཀ་དང་རྒྱ་ནག་དབར་སུའུ་ཌའན་གྱི་གནད་དོན་དང་ བོད་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་མི་མཐུན་པ་ཡོད་ཀྱང་ རྒྱ་ནག་ནི་སྟོབས་ཆེན་གྱི་ངོ་བོར་གྲུབ་བཞིན་པའི་ཡུལ་གྲུ་ཞིག་ཡིན་སྟབས་ ཕྱོགས་གཉིས་ཀའི་ངོས་ནས་འབྲེལ་ལམ་མུ་མཐུད་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎