ཉིས་སྟོང་དགུ་ལོའི་བོད་ཀྱི་བུད་མེད་མཛངས་མའི་འགྲན་བསྡུར།

ཕྱི་ལོ་ཉིས་སྟོང་དགུ་ལོའི་བོད་ཀྱི་བུད་མེད་མཛངས་མའི་འགྲན་བསྡུར་ནང་རྒྱ་གར་གྱི་ས་གནས་ཁག་བཞི་ནས་བུད་མེད་བཞི་མཉམ་ཞུགས་བྱས་ཡོད་པ།

2009.05.29

༄༅༎ཕྱི་ལོ་ཉིས་སྟོང་དགུ་ལོའི་བོད་ཀྱི་བུད་མེད་མཛངས་མའི་འགྲན་བསྡུར་ནང་རྒྱ་གར་གྱི་ས་གནས་ཁག་བཞི་ནས་བུད་མེད་བཞི་མཉམ་ཞུགས་བྱས་ཡོད་པ་དང་མཛངས་མའི་འགྲན་བསྡུར་དེ་ཕྱི་ཟླ་དྲུག་པའི་ཚེས་ལྔ་ཉིན་འགོ་བཙུགས་ཀྱིས་ཉིན་གསུམ་རིང་འགྲན་བསྡུར་བྱེད་འཆར་ཡོད་པ་རེད།

ཐེངས་འདིའི་མཛངས་མའི་འགྲན་བསྡུར་ནང་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ནས་ཡིན་པའི་ལོ་ན་ཉི་ཤུ་རྩ་བཞི་ཡིན་པ་སྒྲོལ་དཀར་ལགས་དང་ལོ་བཅོ་བརྒྱད་ཡིན་པ་རྡོ་རྗེ་གླིང་ནས་ངག་དབང་ཆོས་དབྱིངས་ལགས།ལོ་ཉི་ཤུ་ཡིན་པ་བཞུགས་སྒར་རྡ་རམ་ས་ལ་ནས་བསྟན་འཛིན་ཆོས་འཛིན་ལགས།བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་སྦིར་གཞིས་ཆགས་ནས་ལོ་ཉི་ཤུ་རྩ་བཞི་ཡིན་པ་ཡེ་ཤེས་ལྷ་མོ་ལགས་བཅས་ཡིན་ཞིང་བོད་ཀྱི་བུད་མེད་མཛངས་མའི་འགྲན་བསྡུར་དེ་ནི་བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བའི་གཞོན་སྐྱེས་བློ་བཟང་དབང་རྒྱལ་ལགས་ཀྱིས་ཕྱི་ལོ་ཉིས་སྟོང་གཉིས་ནས་འགོ་བཙུགས་གནང་བ་ཞིག་ཡིན་ཞིང་ད་བར་མི་ལོ་བདུན་རིང་མཛངས་མའི་འགྲན་བསྡུར་གྱི་འགྲོ་གྲོན་རྣམས་གོ་སྒྲིག་གནང་མཁན་རང་ངོས་ནས་ཐབས་འཚོལ་གནང་བ་དང་ཡིན་ནའང་འདི་ལོའི་མཛངས་མའི་འགྲན་བསྡུར་གྱི་འགྲོ་གྲོན་རྣམས་རྒྱ་གར་གྱི་སྐད་གྲགས་ཅན་གྱི་ཚོང་ལས་ཁང་ཞིག་གིས་དཔལ་འབྱོར་གྱི་རོགས་རམ་བྱས་ཡོད་པ་རེད། མཛངས་མའི་འགྲན་བསྡུར་དངོས་གཞི་ཉིན་གསུམ་གྱི་འགྲན་བསྡུར་མ་བྱས་སྔོན་ལ་གཟའ་འཁོར་གཅིག་རིང་ལུས་སྦྱོང་ཡོ་ག་དང་སྒྱུ་རྩལ།རྣམ་སྤྱོད།བོད་ཀྱི་རྒྱལ་རབས་ལོ་རྒྱུས།སྐད་ཡིག།འགྲོ་བ་མིའི་ཐོབ་ཐང་སྐོར།བོད་ནང་གི་གནས་སྟངས་སོགས་རྣམ་གྲངས་མི་འདྲ་ཁག་ཅིག་གཟབ་སྦྱོང་སྤྲད་དེ་དངོས་གཞིའི་འགྲན་བསྡུར་སྐབས་གཟབ་སྦྱོང་སྤྲད་པ་དེ་དག་མི་དམངས་འདུ་འཛོམས་ཀྱི་སྡིང་ཆའི་སྟེང་དངོས་སུ་བཏོན་ཏེ་མཛངས་མའི་རྒྱལ་ཁ་ཐོབ་མཁན་ལ་ཕྱི་ཚེས་བདུན་ཉིན་མཛད་སྒོ་ཚོགས་ཏེ་རྒྱ་གར་གྱི་སྒོར་མོ་སྟོང་ཕྲག་བརྒྱ་ཐམ་པའི་བྱ་དགའ་སྤྲོད་རྒྱུ་ཡིན་པ་རེད།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎