རྒྱ་བོད་གྲོས་མོལ་ཡོངས་ཐབས་ལ་འབད་བརྩོན་གནང་རོགས།
2014.08.07
ཧྥ་རན་སི་གྲོས་ཚོཊ་ཀྱི་འཐུས་མིས་ཧྥ་རན་སི་གཞུང་གིས་རྒྱ་བོད་གྲོས་མོལ་ཡོང་ཐབས་ལ་འབད་བརྩོན་དགོས་བའི་ཆེད་རྩོམ་སྤེལ་འདུག
དེ་ཡང་ཕྱི་ཟླ་༨ཚེས་༤ཉིན་ཧྥ་རན་སི་གྲོས་ཚོགས་ཀྱི་འཐུས་མི་དང་ཡུན་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་Andre Gottolin ལགས་དང་། Neol Mamere ལགས་རྣམ་གཉིས་ཀྱིས་ཕ་རན་སིའི་Le Nouvel Observateur ཞེས་པའི་ཧྥ་རན་སིའི་གསར་འགྱུར་བརྒྱུད་ལམ་གྱི་དྲ་གནས་ཐོག་Enough is Enough་འམ་ད་འགྲིག་ཚོད་ཡིན་ཞེས་པའི་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བའི་ནང་ཧྥ་རན་སིའི་རྒྱལ་ཁབ་ཀྱིས་རྒྱ་ནག་དང་ལྷན་ཚོང་འབྲེལ་ཤུགས་ཆེ་རུ་གཏོང་བཞིན་པ་དེས་མ་འོངས་ཧྥ་རན་སི་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་སྲིད་པ་དང་། ལོ་རྒྱུས་ཀྱི་ཐོག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཧྥ་རན་སི་རྒྱལ་ཁབ་ཀྱིས་རྒྱ་ནག་ལྟ་བུའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་གཏོང་མཁན་རྒྱལ་ཁབ་ཞིག་ལ་དེ་ཙམ་ཆེ་མཐོང་གནང་བཞིན་པ་དེ་འོས་འཚམས་མེད་པའི་སྐྱོན་བརྗོད་གནང་བ་དང་། ད་དུང་ཧྥ་རན་སི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ལངས་ཕྱོགས་བརྟན་པོ་ཡོད་པ་གསལ་སྟོན་ཆེད་ཡུ་རོབ་མཐུན་ཚོགས་དང་ལྷན་ནུས་པ་མཉམ་རུབ་ཐོག་རྒྱ་ནག་གཞུང་ལ་བོད་ཀྱི་གཙོས་གྲངས་ཉུང་མི་རིགས་དང་མཉམ་དོན་དམ་གྱི་གྲོས་མོལ་བྱེད་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། དེ་བཞིན་ཧྥ་རན་སི་གཞུང་གིས་ཚོང་གི་ཁེ་ཕན་ཆེད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབས་སོགས་རྒྱལ་ཁབ་ཀྱི་ལྟ་གྲུབ་ལ་སྣང་མེད་བཏང་བཞིན་པ་དེ་མཚམས་འཇོག་དགོས་སྐོར་སོགས་ཀྱི་ཆེད་རྩོམ་བྲིས་ནས་འདོན་སྤེལ་གནང་ཡོད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།