ཨན་སན་སུ་ཅི་དང་ཕ་རན་སིའི་བློན་ཆེན་བར་མཇལ་འཕྲད།

འབར་མའི་ནང་དཔལ་འབྱོར་དམ་བསྒྲགས་སྲིད་བྱུས་ཕྱིར་བསྡུ་གནང་སྲིད་པའི་གནས་སྟངས་འོག་ཕེ་རན་སིའི་བློན་ཆེན་འབར་མར་འཚམས་འདྲི།

2012.01.16

༄༅༎ནུབ་ཕྱོགས་ཡུལ་གྲུ་ཁག་གིས་འབར་མའི་ནང་དཔལ་འབྱོར་དམ་བསྒྲགས་སྲིད་བྱུས་ཕྱིར་བསྡུ་གནང་སྲིད་པའི་གནས་སྟངས་འོག་རེས་གཟའ་ཟླ་བའི་ཉིན་ཕེ་རན་སིའི་ཕྱི་འབྲེལ་བློན་ཆེན་ཨེ་ལེན་ཇུ་པེ་གིས་འབར་མའི་གཞུང་འཛིན་དབུ་ཁྲིད་དང་མཇལ་འཕྲད་གནང་ཡོད་པ་རེད།
གང་ཡིན་ཟེར་ན་འདས་པའི་དུས་རིང་ལ་འབར་མའི་གཞུང་གིས་སྤྱི་ལོ་༢༠༡༠་ལོར་ཡུལ་དེའི་ཕྱོགས་འགལ་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཨུན་སན་སུ་ཀི་དམ་བསྒྲགས་འོག་ནས་གུ་ཡངས་གློད་བཀྲོལ་བཏང་བ་མ་ཟད་ཨུན་སན་སུ་ཀི་དང་བཀའ་གྲོས་གནང་ཡོད་པ་སོགས་ཧ་ལས་དགོས་པོའི་འགྱུར་ལྡོག་གི་སྣང་ཚུལ་ཤུགས་ཆེ་ཞིག་ཐོན་ཡོད་པ་རེད།
གནད་དོན་དེ་ཚོའི་ཐད་ཁོང་གིས་གཟའ་ཉི་མའི་ཉིན་ཨུན་སན་སུ་ཀི་དང་མཇལ་འཕྲད་གནང་བའི་རྗེས་སུ་གསུངས་ཡོད་པར་འབར་མའི་སྲིད་འཛིན་ཐེཨིན་སེན་མཆོག་གིས་བཟང་ཕྱོགས་ཀྱི་ཕྱག་བཞེས་དེ་ཚོར་རྒྱལ་སྤྱིའི་ནང་དང་ལྷག་དོན་དུ་ང་ཚོ་ནུབ་ཕྱོགས་ཡུལ་གྲུའི་ཕྱོགས་ནས་ཀྱང་ཤེས་རྟོགས་བྱུང་ལུགས་གསུངས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎