༸གོང་ས་མཆོག་ལ་མཇལ་འཕྲད་ཞུས་པ་འགྲིགས་པ་ཞིག་ཡིན།

ཕེ་རན་སིའི་སྲིད་བློན་མཆོག་གིས་ན་ནིང་ཕེ་རན་སི་སྲིད་འཛིན་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པ་དེ་ནི་འགྲིགས་ཡོད་པ་གསུང་འདུག

2009.02.06

༄༅༎ཕེ་རན་སིའི་སྲིད་བློན་ཕ་རན་ཀོའེ་ཕི་ལོན་ཡིས་དེ་རིང་རེས་གཟའ་པ་སངས་ཉིན་གསུང་དོན་ལ་ཕེ་རན་སི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་གིས་ཁ་སྔོན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་པ་དེ་ནི་འགྲིགས་ཡོད་པ་དང་སྲིད་འཛིན་སར་ཀོ་ཛི་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་གནང་ཆོག་པའི་ཐོབ་ཐང་ཡོད་པ་རེད་ཅེས་གསུང་ཡོད་པ་རེད།

ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་གིས་ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་པོའོ་ལེནདྲ་ཡུལ་དུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པར་བརྟེན་ནས་རྒྱ་ནག་གཞུང་གིས་སར་ཀོ་ཛི་ལ་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད་ཁོང་ཁྲོ་ཆེན་པོས་རྒྱ་ནག་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ལྷན་ཚོགས་ནང་མཉམ་ཞུགས་མ་བྱས་པར་ཕྱིར་འཐེན་བྱས་ཡོད་པ་རེད། རེས་གཟའ་ཕུར་བུའི་ཉིན་ཕེ་རན་སི་གྲོས་ཚོགས་ཀྱི་འདྲི་བ་འདྲི་ལན་གྱི་ཚོགས་དུས་སྐབས་ཕེ་རན་སིའི་སྲིད་བློན་ཕ་རན་ཀོའེ་མཆོག་ལ་སྲིད་བློན་ཟུར་པ་ཇོན་པི་ཡེར་ར་ཕ་རིན་ཡིས་ན་ནིང་༸གོང་ས་མཆོག་དང་ཕེ་རན་སིའི་སྲིད་འཛིན་གྱི་མཇལ་འཕྲད་གནང་བའི་སྐོར་གྱི་གནས་ཚུལ་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས་སྲིད་འཛིན་མཆོག་དང་༸གོང་ས་ཏཱ་ལའི་བླ་མ་རྣམ་གཉིས་མཇལ་འཕྲད་ཞུས་པ་འགྲིག་ཡོད་པ་དང་སྲིད་འཛིན་གྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་གནང་ཆོག་པའི་ཐོབ་ཐང་ཡོད་པ་དང་རྒྱ་ནག་ཕྱོགས་ནས་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་ཐོག་ལ་སྐྱོན་བརྗོད་བྱ་རྒྱུ་ཡིན་པ་ནི་སྔོན་ཚུད་ནས་སྔོན་དཔགས་བྱེད་ཐུབ་པ་ཞིག་རེད་ཅེས་ལན་འདེབས་གནང་ཡོད་པ་རེད། དེའི་བར་ལ་ཕེ་རན་སི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་ཕེ་རན་སི་རྒྱལ་ཡོངས་ལྷན་ཚོགས་ནང་རྒྱ་ནག་གི་གཞུང་ཚབ་ལས་ཁང་གི་དཔོན་རིགས་གཞུང་འབྲེལ་མཉམ་ཞུགས་བྱེད་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྟེ་ཇི་སྲིད་བོད་ཀྱི་གནད་དོན་ཐག་གཅོད་མ་བྱུང་བར་ཏུ་རྒྱ་ནག་གི་དཔོན་རིགས་གང་དུ་བསྐྱོད་ཀྱང་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་ཞེས་ངོ་རྒོལ་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎