ཕ་རན་སིའི་མངའ་སྡེའི་འོས་བསྡུར་གཞུང་འཛིན་ཚོགས་པ་ཕམ།
2010.03.21
༄༅༎ཕ་རན་སེའི་མངའ་སྡེ་ཁག་གི་འོས་བསྡུའི་ནང་སྲིད་འཛིན་སར་ཀོ་ཛི་མཆོག་གི་གཡས་ཕྱོགས་གཞུང་འཛིན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་འདུག
བདུན་ཕྲག་སྔོན་མ་མངའ་སྡེ་ཁག་གི་འོས་བསྡུ་རིམ་པ་དང་པོའི་སྐབས་གཞུང་འཛིན་ཚོགས་པར་འོས་གྲངས་བཞི་ཆ་གཅིག་ཙམ་ལས་ཐོབ་མེད་པ་དེ་ནི་ད་བར་གྱི་གྲུབ་འབྲས་སྐྱོ་ཤོས་དེ་ཆགས་ཡོད་འདུག ཕྱོགས་འགལ་སྤྱི་ཚོགས་རིང་ལུགས་པ་དང་ཕྱོགས་གཏོགས་གཞོན་ཕྱོགས་ཚོགས་པ་ཁག་ལ་འོས་གྲངས་བརྒྱ་༥༠ཐོབ་ཡོད་རེད་ སྤྱིར་འོས་བསྡུ་འདི་རིགས་སྐབས་ས་ཁུལ་སོ་སོའི་ནང་གི་བདེ་དོན་ འགྲིམ་འགྲུལ་དང་ལས་མེད་སོགས་ཀྱི་དཀའ་ངལ་དང་འབྲེལ་བ་ཆེན་པོ་ཡོད་ཀྱང་བར་ལམ་གྱི་འོས་བསྡུའི་ནང་མི་མང་བརྒྱ་ཆ་༥༠ཙམ་ལས་མཉམ་ཞུགས་མ་བྱས་པ་དེས་ད་ཆ་མང་ཚོགས་ཀྱིས་དབུས་གཞུང་གི་ལས་དོན་གནང་ཕྱོགས་ཐད་མི་འདོད་པའི་རྣམ་པ་ཆེན་པོ་ཐོན་ཡོད་པར་ངོས་འཛིན་བྱེད་ཡོད་འདུག ཡང་ཐེངས་འདིའི་འོས་བསྡུའི་སྐབས་རྒྱ་ཆེའི་མང་ཚོགས་ལ་དབུས་གཞུང་གི་ཕྱག་ལས་གནང་ཕྱོགས་ཐད་བསམ་ཚུལ་འདྲི་སྐབས་མི་མང་བརྒྱ་ཆ་༥༧ཙམ་གྱིས་དབུས་གཞུང་འགྱུར་བ་གཏོང་རྒྱུར་འདོད་པ་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་ཡོད་འདུག ད་ལྟའི་སྐབས་སུ་ཕ་རན་སེའི་ཡུལ་མི་ས་ཡ་གསུམ་ལས་མེད་དུ་གྱུར་ཡོད་པ་དེ་ནི་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ནང་གི་དཀའ་ངལ་ཆེ་ཤོས་དེ་ཆགས་ཡོད་པའི་ཁར་དེའི་དབར་ལ་དབུས་གཞུང་གིས་མང་ཚོགས་པ་འདོད་པ་མེད་པའི་གསར་བརྗེའི་ལས་འགུལ་ཡང་མང་དག་ཞིག་སྤེལ་ཡོད་འདུག༎