འཛམ་གླིང་ནང་མི་མང་ས་ཡ་༤༦ཙམ་དབུལ་ཕོངས་འགྱུར་སྲིད་པ།

འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་ངལ་རྩོལ་བློན་ཆེན་རྣམས་ཨི་ཊ་ལིའི་རྒྱལ་ས་རཱོམ་དུ་ཉིན་གསུམ་རིང་ལྷན་ཚོགས་གནང་འདུག

2009.04.19

༄༅༎འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་ངལ་རྩོལ་བློན་ཆེན་རྣམས་ཨི་ཊ་ལིའི་རྒྱལ་ས་རཱོམ་དུ་ཉིན་གསུམ་རིང་ལྷན་ཚོགས་གནང་སྟེ་དཔལ་འབྱོར་ཉམ་རྒུད་འགྲོ་བཞིན་པའི་གནས་སྟངས་འོག་འཛམ་གླིང་གི་ཡུལ་གྲུ་ཁག་གི་དབུ་ཁྲིད་ཚོས་མི་མང་གི་འཚོ་བའི་མདུན་ལམ་ཤོར་བཞིན་པའི་དཀའ་ངལ་སེལ་ཐབས་གནང་དགོས་པའི་སྐུལ་མ་ཞུས་འདུག

རྒྱལ་སྤྱིའི་ངལ་རྩོལ་སྒྲིག་འཛུགས་ཀྱིས་ཚོད་དཔག་གནང་བར་གཞིགས་ན་འཛམ་གླིང་གི་དཔལ་འབྱོར་ཉམ་རྒུད་འགྲོ་བཞིན་པ་འདིས་འདི་ལོའི་ནང་མི་མང་ས་ཡ་ལྔ་བཅུ་ཙམ་གྱི་འཚོ་བའི་མདུན་ལམ་ཤོར་ཉེན་ཡོད་པ་དང་ཡང་འཛམ་གླིང་དངུལ་ཁང་གིས་མངོན་དཔག་གནང་བར་གཞིགས་ན་འཛམ་གླིང་མི་མང་ས་ཡ་བཞི་ཅུ་ཞེ་དྲུག་ཙམ་དབུལ་ཕོངས་ཉམས་ཐག་ཆགས་ཉེན་ཡོད་པའི་མངོན་དཔག་གནང་གི་ཡོད་པ་རེད། ལྷག་པར་དུ་མཁེ་གཉེར་ལས་ཁང་དངུལ་ཁང་ཁག་ལ་མ་དངུལ་ཁྲག་ཁྲིག་ཆེ་མོ་མང་པོ་གཞུང་གྲོན་གཏོང་བཞིན་པ་དང་སྒེར་པ་ཉམ་ཐག་ཁག་ལ་རོགས་ཕན་འདི་ཡིན་མ་འཐོབ་པའི་གནས་སྟངས་ལ་མི་མང་ཡིད་མ་རངས་པ་ཡོང་བཞིན་པ་དང་གྲོང་ཁྱེར་ཆེ་ཁག་ལོན་ཌོན་དང་རཱོམ།སྦར་ལིན་བཅས་ཀྱི་ནང་མི་མང་ཁྲི་ཚོང་མང་པོས་ཁྲོམ་གཞུང་ནང་རྔམ་སྟོན་ཁྲོམ་སྐོར་གནང་སྟེ་འདོད་བློ་མ་ཚིམ་པའི་རྣམ་པ་མངོན་པར་གསལ་བར་བྱེད་ཀྱི་ཡོད་པ་རེད། ཕེ་རན་སིའི་རྒྱལ་ས་པེ་རི་སི་རུ་ཕྱི་ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་མི་མང་ས་ཡ་བརྒལ་བས་ཁྲོམ་གཞུང་ནང་ངོ་རྒོལ་བྱས་སྐབས་ཉེན་རྟོག་པས་ངོ་རྒོལ་བ་མི་གྲངས་སུམ་བརྒྱ་བརྒལ་བ་འཛིན་བཟུང་དོ་དམ་བྱས་པ་མ་ཟད་ཉེན་རྟོག་པ་མི་གྲངས་དགུ་ཙམ་ལ་རྨས་སྐྱོན་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎