བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་ཚོཌ་འདུ།

སི་རི་ཡ་གཞུང་གིས་འཕྲལ་དུ་མཚོན་ཆ་བེད་སྤྱོད་བྱས་ཏེ་མི་མང་ལ་དྲག་གནོན་བྱ་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་རྒྱུ་ཡིན་སྐོར།

2011.05.27

༄༅༎བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་དང་ ར་ཤི་ཡ་བཅས་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་དེ་བཞིན་ ཕ་རན་སིའི་ནང་ཚོགས་བཞིན་ཡིན་པ་དང་ གཟའ་པ་སངས་ཉིན་རྒྱལ་ཁབ་བརྒྱད་ཀྱི་དཔོན་རིགས་ཚོས་ཚོགས་འདུའི་ཐོག་སི་རི་ཡ་གཞུང་གིས་མི་མང་གི་ཞི་བའི་ངོ་རྒོལ་ལ་དྲག་གནོན་བྱས་ནས་མང་ཚོགས་མང་པོ་རྐྱེན་འདས་སུ་བཏང་བའི་གནད་དོན་བཏོན་ནས་སི་རི་ཡ་གཞུང་གིས་འཕྲལ་དུ་མཚོན་ཆ་བེད་སྤྱོད་བྱས་ཏེ་མི་མང་ལ་དྲག་གནོན་བྱ་རྒྱུ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་རྒྱུ་ཡིན་པ་གསུང་འདུག ཡིན་ནའི་བཟོ་ལས་ཡར་ཐོན་ཅན་གྱི་ནུབ་ཕྱོགས་རྒྱལ་ཁབ་བདུན་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་སེ་རི་ཡ་ལ་ཉེས་ཆད་འཕར་མ་འགེལ་རྒྱུའི་གྲོས་འཆར་ལ་ར་ཤི་ཡས་དགག་བྱ་བྱེད་སྲིད་པ་རེད་ 

ར་ཤི་ཡ་དང་སི་རི་ཡ་ཡུལ་གཉིས་དུས་ཡུན་རིང་པོའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་ལམ་ཡོད་པ་དང་ དེར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་གྲོས་གཞི་དེའི་ཐོག་གྲོས་ཐག་གཅོད་རྒྱུར་ར་ཤི་ཡ་དང་རྒྱ་ནག་གཉིས་ཀྱིས་ངོ་རྒོལ་གྱི་འོས་ཤོག་དབྱུགས་ཏེ་གྲོས་གཞིར་གྲོས་ཐག་ཆོད་མི་ཐུབ་པའི་གནས་སྟངས་ཡོང་རྒྱུའི་ཚོད་རྩིས་ཡོད་པའི་སྐོར་བཟོ་ལས་ཡར་ཐོན་ཡུལ་ཁག་གི་དཔོན་རིགས་ནས་གསུང་འདུག བཟོ་ལས་ཡར་ཐོན་ཅན་གྱི་ཡུལ་ཁག་གི་དཔོན་རིགས་ནས་མུ་མཐུད་གསུང་ན་ ང་ཚོས་གྲོས་གཞི་དེའི་ནང་ སི་རི་ཡའི་དཔོན་རིགས་ཀྱིས་མང་ཚོགས་ཐོག་དྲག་གནོན་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་བྱས་ནས་ མི་མང་ཚོས་བཏོན་པའི་ཡུལ་ནང་གསར་འགོད་རང་དབང་དང་ སྤྱི་འབངས་ཀྱི་ཐོབ་ཐང་ལ་སྲུང་བརྩི་ཞུ་དགོས་པའི་དགོས་འདུན་ལ་ཁས་ལེན་བྱ་དགོས་པ་མ་ཟད་ སི་ར་ཡ་གཞུང་གིས་བཙོན་འཇུག་བྱེད་བཞིན་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པའི་སྐོར་སོགས་འཁོད་ཡོད་པ་གསུང་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎