དགེ་འདུན་ལགས་རྒྱ་ནག་གིས་འཇུ་བཟུང་དང་གཅར་རྡུང་བྱས་འདུག


2017.03.08
དགེ་འདུན་ལགས་ཀྱི་ཉེ་པར། དགེ་འདུན་ལགས་ཀྱི་ཉེ་པར།
བོད་འབྱོར།

དགེ་འདུན་ལགས་ཀྱི་སྐད་འཕྲིན་ནང་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་བཞག་པའི་ཉེས་མིང་འོག་རྒྱ་ནག་གིས་འཇུ་བཟུང་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བ་ལྟར་ན། བོད་ཤར་ཕྱོགས་དཀར་མཛེས་སེར་ཤུལ་རྫོང་ཁུལ་གྱི་བོད་མི་གཞོན་སྐྱེས་དགེ་འདུན་ལགས་ཞུ་བ་ཞིག་གིས་(WeChat)་སྐད་འཕྲིན་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་། བོད་ཀྱི་རྒྱལ་དར་བཞག་པ། དེ་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པའི་རྩོམ་ཡིག་སྤེལ་བ་སོགས་ཀྱི་ཉེས་མིང་འོག་ཉེ་སྔོན་སེར་ཤུལ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་པར་མ་ཟད། གནས་ཚུལ་ནང་བཀོད་པར་ལྟར་ན་ཁོང་ལ་ཉེས་རྡུང་ཚད་མེད་བཏང་སྟེ། ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་འདུག།  འོན་ཀྱང་ཁོང་འཛིན་བཟུང་ག་དུས་བྱས་མིན་སོགས་ཞིབ་ཕྲའི་གནས་ཚུལ་བཀོད་མེད་པ་རེད།
ཡང་གནས་ཚུལ་ནང་མུ་མཐུད་དུ། དགེ་འདུན་ལགས་ནི་ནམ་རྒྱུན་ནས་བོད་མིའི་ལས་དབང་དང་མདུན་ལམ་ལ་དོ་ཁུར་ཆེན་པོ་གནང་མཁན་ཞིག་ཡིན་འདུག་ལ། ཁོང་གིས་སྐད་འཕྲིན་ WeChat ཚོགས་པའི་ནང་ཡོད་པའི་དྲ་གྲོགས་ཚོར་ཡང་རྒྱ་ནག་གཞུང་གིས་འདྲི་བརྩད་དང་། ལ་ཁ༧གོང་ས་མཆོག་གི་སྐུ་པར་དང་། བོད་ཀྱི་རྒྱལ་དར། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་སྐོར་སོགས་འགྲེམས་སྤེལ་ལ་དགའ་མོས་དང་། བསྔགས་བརྗོད་བྱེད་མཁན་WeChat་དྲ་རྒྱའི་གྲོགས་པོ་ཚོ་ལའང་རྒྱ་གཞུང་གིས་འདྲི་རྩད་དང་། བསུན་བཙིར་བཟོ་བཞིན་ཡོད་པ་མ་ཟད། ཁ་ཤས་རྫོང་ཐོག་ཏུ་བཙན་འཁྲིད་ཀྱིས་བཀག་སྐྱིལ་བྱས་ཡོད་འདུག།  དེར་བརྟེན་ད་ལྟའི་ཆར་ས་གནས་བོད་མི་ཚོས་སྐད་འཕྲིན་སོགས་ཀྱི་ནང་པར་རིས་དང་རྩོམ་ཡིག་རིགས་འགྲེམས་སྤེལ་ཉར་ཚགས་བྱེད་པར་གཟབ་གཟབ་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་བཀོད་འདུག
འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། ཡང་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་བསྟུན་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་མང་པོའི་ནང་དྲ་རྒྱ་སྒོ་རྒྱག་རྒྱུའི་བརྡ་ཐོ་གཏོང་བཞིན་འདུག་པར་མ་ཟད། གསུམ་བཅུའི་དུས་དྲན་ཏེ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སླེབས་ལ་ཉེ་བར་བརྟེན་དམ་དྲག་གི་རྣམ་པ་ཡང་ཇེ་ཆེར་འགྲོ་བཞིན་ཡོད་འདུག།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎