རྒྱ་ནག་ནང་བོད་དོན་གླེང་འཆར་ཡོད།
2013.04.06
༄༅།།ཨོ་སི་ཊེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་གྱིས་ཨོ་སི་ཊེ་ལི་ཡའི་སྲིད་བློན་ཇུ་ལི་ཡ་ གི་ལ་ཌ་ མཆོག་དང་། ཕྱི་སྲིད་བློན་ཆེན་སྦོབ་ ཀར་ མཆོག་ཕྱི་ཚེས་ ༥ ཉིན་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་སྐབས། རྒྱ་ནག་སྲིད་འཛིན་དང་ལྷན་རྒྱ་ནག་གཞུང་གིས་བོད་ནང་དུ་དམ་བསྒྲགས་སྲིད་བྱུས་སྐོར་གླེང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་ལྟར། ཨོསི་ཊེ་ལི་ཡའི་སྲིད་བློན་ ཇུ་ལི་ཡ་ གི་ལ་ཌ་ཡིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད། རྒྱ་ནག་གི་འགོ་ཁྲིད་ཁག་དང་མཇལ་འཕྲད་གནང་སྐབས་གྲོས་མོལ་གནང་རྒྱུའི་གྲོས་གཞིའི་ཁོངས་སུ་ཡོད་ལུགས་ ཨོ་སི་ཊེ་ལི་ཡའི་ ཨེ་སྦི་སི་ རྒྱང་སྲིང་ལས་ཁང་ལ་གསུངས་གནང་འདུག།