ཕག་པའི་འགོས་ནད་སྐོར་ལ་དཔྱད་ཞིབ།

ཕག་པའི་འགོས་ནད་དེ་ནི་མིའི་ཚེ་སྲོག་ལ་གནོད་འཚེ་ཚབས་ཆེ་བཟོ་མཁན་གྱི་ཉེན་ཁ་ཆེན་པོ་དེ་ལྟ་བུ་མེད་པའི་སྐོར་དཔྱད་ཞིབ་གནང་འདུག

2009.04.28

༄༅༎ཧོང་ཀོང་གི་སྐྱེ་དངོས་ཕྲ་མོའི་ནད་འབུ་དཔྱད་ཞིབ་དེང་སྐབས་དར་ཁྱབ་ཏུ་འགྲོ་བཞིན་པའི་ཕག་པའི་འགོས་ནད་དེ་ནི་ཕལ་ཆེར་ཉེན་ཁ་ཆེན་པོ་ཞིག་ཡིན་པ་གཟིགས་ཀྱི་ཡོད་ཀྱང་འགོས་ནད་དེའི་ནད་འབུ་ནི་དེ་སྔ་བྱ་ནད་ལྟ་བུའི་མིའི་ཚེ་སྲོག་ལ་གནོད་འཚེ་ཚབས་ཆེ་བཟོ་མཁན་གྱི་ཉེན་ཁ་ཆེན་པོ་དེ་ལྟ་བུ་མེད་པའི་སྐོར་གསུང་ཡོད་པ་རེད།

ཁོང་གིས་གསུང་པར་ཕག་པའི་ནད་འབུ་དེ་ཡིས་མིའི་ཚེ་སྲོག་ལ་གནོད་འཚེ་བཟོ་བའི་གནས་སྟངས་ཧ་ཅང་གི་ཛ་དྲག་ཏུ་གྱུར་ཡོད་པ་བཤད་རྒྱུ་ད་ལྟ་སྔ་དྲག་ཡོད་པ་དང་ཡིན་ནའང་འགོས་ནད་དེ་ནི་ད་ལྟ་ནད་ཡམས་དུ་འགྱུར་བཞིན་པའི་འགོ་འཛུགས་བཞིན་ཡོད་པ་དང་ཉེན་ཁ་དེར་སླེབས་བཞིན་ཡོད་པ་ལས་དངོས་སུ་སླེབས་མེད་པ་རེད། ང་ཚོར་ཡང་ས་གནས་ཀྱི་མི་ཁག་ཅིག་ལ་འགོས་ནད་དེའི་མངོན་རྟགས་ཡོད་པ་བྱུང་ཡོད་ཅིང་ཨ་རིའི་ནང་དུ་ཡང་འགོས་ཁྱབ་བྱུང་བའི་ནད་པ་ཐོན་པ་དེ་དག་སུ་ཞིག་གིས་ཕག་པ་དང་འབྲེལ་བ་བྱས་མེད་པ་དེའི་ཐོག་ནས་འགོས་ནད་དེ་ནི་མི་ནས་མི་ལ་འགོས་ཁྱབ་འགྲོ་བ་ཞིག་ཡིན་པ་ར་སྤྲོད་ཐུབ་ཀྱི་ཡོད་པའི་སྐོར་གསུངས་ཡོད་པ་རེད། གང་ལྟར་ད་རེས་ཀྱི་འགོས་ནད་དེ་ནི་ཧ་ཅང་གི་ཚབས་ཆེན་པོ་ཞིག་ཡིན་པ་ད་ལྟ་ཤོད་རྒྱུ་སྔ་དྲག་པའི་རྒྱུ་མཚན་གཅིག་ནི་འགོས་ནད་དེ་ནམ་དུས་ཀྱི་ཆམ་པའི་རིམས་ནད་ཡིན་སྲིད་པ་དང་དོན་དངོས་ཐོག་དེ་ཡིན་མིན་མི་སུ་ཞིག་གིས་ཤེས་རྟོགས་མེད་པའི་རིམས་ནད་ཅིག་རེད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎