ཚེས་༣ཉིན་བལ་ཡུལ་ལ་ངོ་རྒོལ་བྱ་རྒྱུ།


2013.04.01
བལ་ཡུལ་གཞུང་ལ་ངོ་རྒོལ་བྱ་རྒྱུ། གྲུབ་ཆེན་ཚེ་རིང༌།
བོད་ནས་བཏང་བ།

༄༅༎འདི་ལོའི་ཕྱི་ཟླ་གཉིས་པའི་ནང་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་དུ་རང་ལུས་མེར་བསྲེག་བཏང་ནས་འདས་གྲོངས་སུ་གྱུུར་བའི་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་བོད་མིར་རྩིས་སྤྲོད་ཡོང་ཆེད། རྒྱལ་སྤྱིའི་ཁྱོན་ཡོངས་ནས་བལ་ཡུལ་གཞུང་ལ་འབོད་སྐུལ་ཞུས་པ་དེ་དག་ལ་བརྩིས་མེད་ཀྱིས། བལ་ཡུལ་གཞུང་གིས་ཁོང་གི་སྐུ་ཕུང་གསང་བའི་ཐོག་ནས་ཞུགས་འབུལ་ཞུས་པར་བརྟེན། ཟླ་འདིའི་ཚེས་ ༣ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་འཛམ་གླིང་གི་ས་ཕྱོགས་གང་སར་སྨོན་ལམ་གསོག་སྒྲུབ་དང༌། རྒྱ་ནག་གཞུང་ཚབ་ལས་ཁང་མདུན་ངོ་རྒོལ་སྐད་འབོད། དེ་བཞིན་བལ་ཡུལ་གཞུང་ཚབ་ལས་ཁང་ལ་ངོ་རྒོལ་གྱི་ཞུ་གཏུགས་དང་ཁ་དཔར་གཏང་རྒྱུ་སོགས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འཆར་ཡོད་པ་རེད། འཛམ་གླིང་གི་ས་ཁུལ་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་ནང་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎