གོ་འཇོའི་བོད་མི་ཞུ་གཏུགས་བྱེད་མཁན་བཅུ་འཇུ་བཟུང་བྱས་འདུག


2015.05.01
གོ་འཇོ་ཕྱོགས་ཀྱི་ས་ཁྲ། གོ་འཇོ་ཕྱོགས་ཀྱི་ས་ཁྲ།
Photo: RFA

གོ་འཇོ་རྫོང་ཁོངས་ནས་གཏེར་ཁ་སྔོག་འཆར་ལ་ས་གནས་མི་མང་གིས་ངོ་རྒོལ་བྱས་ཏེ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཁོངས་སུ་དབྱེ་བའི་ཆབ་མདོ་ས་ཁུལ་གྱི་ཁོངས་སུ་གཏོགས་པའི་གོ་འཇོ་རྫོང་ཨ་དབོང་གྲོང་ཚོའི་ཉེ་འཁྲིས་སུ་མི་ནི་ཟེར་བའི་གནས་རི་རྩ་ཆེན་ཞིག་ཡོད་པ་དེར། རྒྱ་ནག་གིས་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་སྤེལ་རྒྱུར་དམིགས་ནས་འགྲོ་ལམ་འཛུགས་སྐྲུན་བྱེད་བཞིན་ཡོད་པར་ས་གནས་བོད་མིའི་སྐུ་ཚབ་བཅུ་ཡིས་ས་གནས་སྲིད་གཞུང་ལ་ཞུ་གཏུག་བྱེད་པར་ཕྱིན་ནས་ས་གནས་དེའི་ནང་གཏེར་ཁ་བསྔོག་འདོན་མི་བྱ་རྒྱུའི་དགོས་འདུན་བཏོན་སྐབས་སྐུ་ཚབ་མི་བཅུ་པོ་དེ་འཛིན་བཟུང་བྱས་ཡོད་པ་དང་། ཕྱོགས་མཚུངས་གཏེར་ཁ་སྔོག་འདོན་བྱེད་པར་ས་གནས་མི་མང་ཚོས་གཞུང་ལ་ངོ་རྒོལ་བྱེད་པའི་སྐབས་ས་གནས་ཉེན་རྟོག་པ་དང་། བོད་མིའི་དབར་འཁྲུག་ཟིང་བྱུང་ནས་ཉེན་རྟོག་པས་ས་གནས་མི་མང་ཚོར་ཉེས་རྡུང་བཏང་ནས་རྨས་སྐྱོན་ཚབས་ཆེ་བཟོས་ཡོད་པ་རེད། གནས་ཚུལ་དེ་དག་བྱུང་རྗེས་ལྷ་སའི་ནང་ཡོད་པའི་གོ་འཇོ་ཚོང་པ་ཁག་ཅིག་གིས་ལྷ་སར་ཡོད་པའི་ཆབ་མདོ་དོན་གཅོད་ཁང་ལ་ཞུ་གཏུག་བྱས་ནས་གལ་སྲིད་མི་མང་གི་ཞུ་གཏུག་ལ་མ་ཉན་པར་མུ་མཐུད་གཏེར་ཁ་བསྔོག་འདོན་བྱས་ཚེ་རྒྱ་ནག་དབུས་གཞུང་ལ་ཞུ་གཏུག་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་སྟབས། ད་ལྟའི་ཆར་ལམ་ཀ་བཟོ་རྒྱུ་གནས་སྐབས་མཚམས་འཇོག་བྱས་ཡོད་ཀྱང་ རྒྱ་ནག་ཉེན་རྟོག་པས་ལྷ་སར་ཡོད་པའི་གོ་འཇོ་བ་ཚོང་པ་གསུམ་འཛིན་བཟུང་བྱས་ཡོད་པ་མ་ཟད། ད་དུང་མུ་མཐུད་ནས་གོ་འཇོའི་ཚོང་པ་གཞན་ཁག་འཛིན་བཟུང་བྱེད་བཞིན་ཡོད་འདུག
ས་གནས་དེའི་ནང་ཉིས་སྟོང་བཅུ་བཞི་ལོ་ནས་རྒྱ་ནག་གཞུང་གིས་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་སྤེལ་རྩིས་བྱས་ཡོད་པ་དང་། ཡིན་ནའི་ས་གནས་མི་མང་གིས་མི་ནི་གནས་རི་ནི་ཡུལ་དེའི་གནས་རི་རྩ་ཆེན་ཞིག་ཡིན་པས་གཏེར་ཁ་བསྔོག་འདོན་བྱས་ན་འགྲིག་ཐབས་མེད་པའི་རེ་སྐུལ་ཞུས་ཏེ་ངོ་རྒོལ་བྱས་པར་བརྟེན་གནས་སྐབས་རིང་ལས་གཞི་དེ་བཀག་འགོག་བྱེད་ཐུབ་ཡོད་ཀྱང་། ད་རེས་ཕྱི་ཟླ་༤པའི་ཚེས་༢ནས་བཟུང་ས་གནས་གཞུང་གིས་གཏེར་ཁ་བསྔོག་འདོན་ལ་དམིགས་ནས་གནས་རིའི་ཉེ་འདབས་སུ་ལམ་ཁ་བཟོ་རྒྱུའི་འཆར་གཞི་བཟོས་པར་བརྟེན་ནས་ས་གནས་མི་མང་གིས་ངོ་རྒོལ་གྱི་གནས་ཚུལ་དེ་བྱུང་བ་ཞིག་ཡིན་འདུག

གསར་འགོད་པ་འཆི་མེད།

ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎