ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་རྒྱབ་སྐྱོར།

དབྱིན་ཇིའི་སྲིད་བློན་མཆོག་གིས་ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཨོ་སྦ་མ་ལ་རྒྱབ་སྐྱོར་ཡོད་པའི་དགོངས་ཚུལ་གསུངས་འདུག

2008.09.10

༄༅༎དེ་རིང་དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་མཆོག་གིས་ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྦ་རག་ཨོ་སྦ་མ་ལ་རྒྱབ་སྐྱོར་ཡོད་པའི་དགོངས་ཚུལ་གསུང་སྟེ། ཨ་མི་རི་ཀའི་ནང་དཔལ་འབྱོར་ལ་ཉམ་རྒུད་འགྲོ་གི་ཡོད་པའི་དཀའ་ངལ་དེ་དག་སེལ་ཐབས་ཀྱི་རོགས་རམ་གནང་རྩིས་ཡོད་སྐོར་གསུངས་བཞག

ཨ་མི་རི་ཀའི་སྲིད་འཛིན་འོས་བསྡུའི་གོང་དེར་ཕྱི་རྒྱལ་ཡུལ་ཁག་གི་དབུ་ཁྲིད་ཚོས་སུ་ཞིག་ལ་ཕྱོགས་ཞེན་མ་གནང་བར། བར་བཞུགས་གནང་རྒྱུའི་ཆབ་སྲིད་ཀྱི་སྤྱི་སྲོལ་ལམ་ལུགས་དེ་ དབྱིན་ཇིའི་སྲིད་བློན་གྱིས་མེད་པ་བཟོས་གནང་ཡོད་པར་ དབྱིན་ཡུལ་གྱི་གསར་ཤོག་འགའ་ཤས་ཀྱིས་ངོས་འཛིན་གནང་ཡོད་ཅིང༌། སྲིད་བློན་སྦ་རའོན་མཆོག་གིས་ཨོ་སྦ་མ་ནི་ཨ་མི་རི་ཀའི་མི་དམངས་དཀྱུས་མ་ཚོ་དཀའ་ངལ་གྱི་གནས་སྟངས་འོག་ནས་སྐྱོབ་ཐབས་གནང་མཁན་གྱི་སྲིད་དོན་པ་ཁོང་དང་འདྲ་མཚུངས་ཤིག་ཡིན་པར་བསྔགས་བརྗོད་གནང་འདུག

དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་མཆོག་གིས་ ཟླ་རེའི་གསར་འགྱུར་དུས་དེབ་ རྡ་མོ་ནི་ཊར་ ནང་རྩོམ་ཡིག་ཞིག་སྤེལ་གནང་ཡོད་པའི་ནང༌། ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དེ་ད་རེས་འཁྲུག་ཆ་དོད་པོ་ཞིག་བྱུང་ཡོད་པ་དང༌། དམངས་གཙོ་ཚོགས་པས་དཀའ་ངལ་ཅན་གྱི་དུས་ཚོད་དེ་འདྲའི་སྐབས་མི་དམངས་ལ་རོགས་ཕན་གནང་རྒྱུའི་བསམ་བློ་གཙོ་བོའི་ཐོག་ནས། སྦ་རག་ཨོ་སྦ་མས་ ཨ་རིའི་ནང་དེང་སྐབས་ཁང་པའི་རིན་གོང་སྤྲོད་མ་ཐུབ་པར་མི་མང་པོ་སྡོད་གནས་ཤོར་གྱི་ཡོད་པའི་དཀའ་ངལ་ལས་སྐྱོབས་ཐབས་སུ་རོགས་དངུལ་ལས་འཆར་གསར་འཛུགས་གནང་རྒྱུའི་འཆར་གཞི་བཏོན་གནང་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། སྲིད་བློན་སྦ་རའོན་གྱིས་བཀའ་མོལ་དེ་བཞིན་མེ་ཀེན་ལས་ཨོ་སྦ་མ་སྲིད་འཛིན་ཆགས་ན་བཟང་བ་ཡིན་པའི་རྒྱབ་སྐྱོར་གནང་བ་ཞིག་ཡིན་མིན་གསར་འགོད་པས་དྲི་བར། སྲིད་བློན་སྦ་རའོན་གྱི་མགྲིན་ཚབ་པས་ སྲིད་བློན་མཆོག་གིས་ཨ་རིའི་སྲིད་འཛིན་འོས་བསྡུའི་འགྲན་བསྡུར་ནང་སྲིད་འཛིན་འོས་མི་གང་རུང་ཞིག་ལ་རྒྱབ་སྐྱོར་གནང་མེད་པ་དང་དེ་ལྟར་གནང་རྩིས་ཀྱང་མེད་པའི་སྐོར་གསལ་བཤད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎