སྲིད་སྐྱོང་ནས་པོཔ་ལ་འཚམས་འདྲི།
2013.03.15
༄༅། །དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ཀྱི་ཚབ་ཞུས་ནས་གང་ཉིད་ལྷོ་ཨ་མི་རི་ཀ་དང་ཡི་ཤུའི་ Jesuit ཆོས་ལུགས་ཁུངས་ནས་བླ་ཆེན་པོཔ་དང་པོར་འོས་འདེམས་བྱུང་བར་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད། འཚམས་འདྲིའི་ཕྱག་བྲིས་དེའི་ནང་ད་དུང་། གང་ཉིད་བླ་ཆེན་པོཔ་གསར་པར་འོས་འདེམས་བྱུང་འཕྲལ་ St. Peter’s ཐང་ཆེན་དུ་འདུ་འཛོམས་བྱུང་བའི་དད་ལྡན་པ་རྣམས་ལ་ཡི་ཤུའི་བླ་མ་ Cardinal རྣམས་ཀྱིས་པོཔ་གསར་པ་ཞིག་འཛམ་གླིང་གི་མཐའ་འཁོབ་ཀྱི་ས་ཁུལ་ཞིག་ནས་འོས་འདེམས་གནང་སྐོར་གསུང་ཡོད་པ་རེད་ཅེས་དང་། བོད་ནང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བོད་ལུགས་ནང་ཆོས་དང་ཡི་ཤུའི་རྣམ་དག་ཆོས་ལུགས་གཉིས་ཞི་བདེ་དང་མཆམ་མཐུན་ཐོག་གནས་ཡོད་པ་རེད་ཅེས་སོགས་གསུངས་ཡོད་པ་རེད།།