རྒྱ་ནག་གིས་བོད་མི་ངོ་རྒོལ་བའི་ཁྲོད་མེ་མདའ་རྒྱབ་ནས་མང་པོ་རྨས་འདུག


2015.07.15
རྒྱ་ནག་གིས་ལི་ཐང་ཕྱོགས་སུ་བོད་མི་ངོ་རྒོལ་བའི་ཁྲོད་མེ་མདའ་རྒྱབ་པ། ༢༠༡༥།༧།༡༤ རྒྱ་ནག་གིས་ལི་ཐང་ཕྱོགས་སུ་བོད་མི་ངོ་རྒོལ་བའི་ཁྲོད་མེ་མདའ་རྒྱབ་པ། ༢༠༡༥།༧།༡༤
བོད་འབྱོར།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཕུང་ནང་མིར་རྩིས་དགོས་པའི་ཞུ་གཏུགས་བྱེད་མཁན་ཁྲོད་མེ་མདའ་རྒྱབ་ནས་མང་པོ་རྨས་འདུག
དེ་ཡང་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་དམ་པ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཕུང་ནང་མིར་རྩིས་དགོས་པའི་ཞུ་གཏུགས་གནང་མཁན་བོད་མི་རྣམས་ལ་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་བ་མ་ཟད། མེ་མདའ་རྒྱབ་ནས་བོད་མི་མང་པོར་རྨས་སྐྱོན་ཕོག་པ་དང་། ཉུང་མཐར་བོད་མི་མི་གྲངས་༡༥་ཙམ་ཛ་དྲག་ངང་སྨན་ཁང་ལ་བསྐྱེལ་དགོས་བྱུང་པ་རེད། དེ་ནི་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་འདི་ཟླའི་ཚེས་༡༢་ཉིན་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པ་མ་ཐག ཕྱི་ཚེས་༡༣་ཉིན་ལི་ཐང་ཉག་ཆུ་རྫོང་ཁོངས་ཀྱི་ཨ་ཐོག་ཧོ་ལུང་གྲོང་སྡེའི་ལས་ཁུངས་སར་བོད་མི་རྣམས་ཀྱིས་རིན་པོ་ཆེ་མཆོག་གི་སྐུ་ཕུང་རྩིས་སྤྲོད་དགོས་པའི་ཞུ་འབོད་གནང་ཡང་ཉན་འཇོག་མ་བྱས་པའི་ཁར་བོད་མི་རྣམས་ལ་རྒྱ་མིའི་ཉེན་རྟོག་པས་རྡུང་རྡེག་དྲག་པོ་བཏང་སྟེ་བོད་མི་མང་པོར་རྨས་སྐྱོན་བཟོས་པ་དང་། ད་ལྟའི་ཆར་ཉུང་མཐར་བོད་མི་མི་གྲངས་༡༥་ཙམ་ཧ་ཅང་ཛ་དྲག་ངང་སྨན་ཁང་ནང་བསྐྱེལ་དགོས་བྱུང་ཡོད་པ་དང་། དེ་རིང་ཕྱི་ཚེས་༡༥་ཉིན་ལ་ཡང་ལི་ཐང་དང་ཉག་ཆུ་རྫོང་ཁོངས་ཀྱི་མི་མང་བརྒྱ་ཕྲག་གཅིག་ལྷག་སི་ཁྲོན་ཞིང་ཆེན་གྱི་ཏ་ཀྲའུ་ཁྲོན་ཏུང་བཙོན་ཁང་གི་སྒོ་འགྲམ་དུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་ཞུ་འབོད་གནང་བཞིན་པ་རྣམས་ལ་ཡང་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་ཁོང་རྣམས་འཛིན་བཟུང་དོ་དམ་མམ་ཡང་ན་རྡུང་རྡེག་གཏོང་རྒྱུའི་ཉེན་ཁ་ཡོད་ཅིང་། ད་ལྟའི་ཆར་ལི་ཐང་དང་ཉག་ཆུ་རྫོང་གཉིས་དབར་མི་མང་ཕར་ཚུར་འགྲོ་སྐྱོད་བཀག་འགོག་བྱས་པ་དང་། ལི་ཐང་རྫོང་ནང་རྒྱ་མིའི་དམག་མི་འགྲེམས་འཇོག་གིས་བོད་མི་རྣམས་ལ་གནོན་ཤུགས་སྤྲད་པ་དང་། བོད་མི་འགའ་ཤས་ལ་ཉེས་རྡུང་བཏང་སྟེ་སྨན་ཁང་ལ་བསྐྱེལ་དགོས་བྱུང་བའི་གནས་ཚུལ་གཅིག་མཇུག་གཉིས་མཐུད་ཀྱིས་ཐོན་བཞིན་པ་རེད།
སྤྱི་ཟླ་༧་པའི་ཚེས་༡༤་ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་གི་སྲིང་མོ་གཉིས་གཙོས་པའི་ཁོང་གི་ཕ་ཡུལ་ནས་ཡོང་པའི་སྐུ་ཚབ་༡༨་དང་། དེ་བཞིན་གསང་བའི་ངང་ཆེད་བཅར་ཞུགས་པའི་དད་ལྡན་མི་དམངས་ཁྱོན་བསྡོམས་མི་བརྒྱ་མ་ཟིན་ཙམ་ཞིག་རིན་པོ་ཆེ་ཡོད་སའི་བཙོན་ཁང་རྒྱ་ནག་གི་གྲོང་ཁྱེར་ཁྲིན་འདུ་ནས་སྤྱི་ལེ་༣༠༠་ཙམ་ཡོད་སར་འབྱོར་ཡོད་པ་རེད།
གོང་ཞུས་རིན་པོ་ཆེའི་སྲིང་མོ་གཉིས་ནི་སྒྲོལ་དཀར་ལྷ་མོ་དང་། བསོད་ནམས་བདེ་སྐྱིད་གཉིས་ཡིན་ཞིང་། ཁོང་གཉིས་ལ་ཉེ་ཆར་སྤྱི་ཚེས་༡༢་ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་༡༡་ཙམ་དུ་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་དགོངས་པ་རྫོགས་ཟིན་སྐོར་བརྗོད་པ་ཙམ་ལས་སྐུ་གདུང་མཇལ་དུ་བཅུག་མེད་པ་རེད། དེ་བཞིན་གོང་ཞུས་རིན་པོ་ཆེའི་ཕུ་ཡུལ་ནས་ཡོང་པའི་བོད་མི་༡༨་དེ་དག་ནི་རིན་པོ་ཆེ་ཕ་ཡུལ་དཀར་མཛེས་ཁུལ་ཨོ་ཐོག་གམ་ཐང་དཀར་མ་རུ་རིན་པོ་ཆེའི་དགོན་པ་ཐེག་ཆེན་བྱམས་ཆོས་ཆོས་གླིང་གིི་བླ་མ་གཉིས་དང་། དགེ་བཤེས་༣ གྲྭ་བ་༡༠། དེ་བཞིན་རིན་པོ་ཆེའི་ཨ་ནེ་དགོན་པ་ནས་བཙུན་མ་༣་བཅས་ཁྱོན་མི་༡༨་ཡོད་པ་དང་། དེ་མིན་རྒྱ་གཞུང་གིས་བཀག་བསྡོམས་དང་ཉེན་བརྡ་བཏང་མིན་ལ་མ་བལྟོས་པར་གསང་བའི་ངང་རིན་པོ་ཆེའི་སྐུ་གདུང་མཇལ་དུ་ཡོང་མཁན་ཁག་ཅིག་ཀྱང་ཡོད་པ་རེད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་རྒྱ་གཞུང་གིས་ཁྲིན་འདུར་འབར་གས་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་ཚེ་བཙོན་བཅད་ནས་མི་ལོ་༡༣་འགྲོ་བཞིན་ཡོད་པ་དང་། ཡིན་ནའང་སྤྱི་ཚེས་༡༢་ཉིན་གྱི་མཚན་མོར་དགོངས་པ་རྫོགས་ཟིན་སྐོར་ནང་མིར་བརྗོད་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎