དམངས་གཙོའི་ལམ་ལུགས་ལ་འཇུག་དགོས་པའི་རེ་སྐུལ།

གལྥ་མངའ་ཁུལ་ལ་དམངས་གཙོའི་ལམ་ལ་འཇུག་དགོས་རྒྱུ་དང་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་གུས་བརྩི་ཞུ་དགོས་རྒྱུའི་རེ་སྐུལ་གནང་བཞག

2011.02.09

༄༅༎གལྥ་(Gulf)མཚོ་ཁུག་གི་དམངས་གཙོ་དོན་གཉེར་ཅན་ཚོས་མངའ་ཁུལ་དེའི་ནང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་རྒྱུད་ཚོར་དམངས་གཙོའི་ལམ་ལ་འཇུག་དགོས་རྒྱུ་དང་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་གུས་བརྩི་ཞུ་དགོས་རྒྱུའི་རེ་སྐུལ་གནང་བཞག།

དེ་བཞིན་ཁོང་རྣམ་པས་Gulfམཚོ་ཁུག་རྒྱལ་ཁབ་ཀྱི་དབང་འཛིན་མི་སྣ་ ལྷག་པར་དུ་སྦེ་རའན་དང་སའོ་རྡི་ཨ་རེ་སྦི་ཡ་བཅས་ལ་ཡུལ་དེ་གཉིས་ནང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་འགོད་བྱེད་མཁན་ཐོག་དྲག་གནོན་གནང་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཡུ་ཨེ་ཨི་(United Arab Emirates)གྱིས་བདུན་སྔོན་མ་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས་ཡོད་པ་དེ་གློད་བཀྲོལ་གཏོང་དགོས་རྒྱུའི་འབོད་སྐུལ་ཡང་གནང་འདུག། Gulfསྤྱི་མང་ཚོགས་པའི་འབྲེལ་མཐུད་པ་ཨན་ལྦ་རལ་ར་ཤིརྡ་ཡིས་མིང་རྟགས་བཀོད་པའི་སྤྱི་བསྒྲགས་ནང༌། Gulfམཚོ་ཁུག་གི་རྒྱལ་ཁབ་ནང་དབང་བསྒྱུར་བྱེད་བཞིན་པའི་རྒྱལ་རྒྱུད་ཚོས་མང་ཚོགས་ཀྱི་མངོན་འདོད་རེ་བ་བཞིན་དམང་གཙོའི་བཅོས་སྒྱུར་གཏོང་རྒྱུ་དེ་གལ་ཆེ་ཡིན་པ་གསལ་པོ་མཁྱེན་རྟོགས་ཡོང་བའི་རེ་བ་བཏོན་གནང་འདུག། དེ་བཞིན་གོང་ཞུས་ཚོགས་པ་དེས་རྒྱལ་རྒྱུད་དབང་འཛིན་པ་ཚོར་ད་ཆ་ཆབ་སྲིད་ཀྱི་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་རྒྱུའི་དུས་ལ་སླེབས་ཡོད་པ་མ་ཟད། དེང་དུས་ཀྱི་དགོས་འདུན་དང་འཚམས་པའི་རྩ་ཁྲིམས་གསར་པ་གཏན་འབེབས་གནང་བའི་རེ་བ་མང་ཚོགས་ཀྱི་བྱེད་ཀྱི་ཡོད་པ་མཁྱེན་རྟོགས་ཐུབ་རྒྱུའི་རེ་སྐུལ་ཡང་གནང་བཞག།

གོང་ཞུས་Gulfསྤྱི་མང་ཚོགས་པའི་ནང་Gulfམཚོ་ཁུག་གི་རྒྱལ་ཁབ་མཉམ་མཐུན་ཚོགས་པའི་ཁྱབ་ཁོངས་རྒྱལ་ཁབ་དྲུག་ནང་གི་གུ་ཡངས་ལྟ་སྤྱོད་འཛིན་མཁན་མཁས་པ་དང་ཤེས་ལྡན་མི་སྣ། རྩོམ་པ་པོ་དང་ཐོབ་ཐང་རྩོད་ལེན་དོན་གཉེར་བ་བཅུ་ཕྲག་འགའ་ཤས་ཡོད་པ་རེད། རྒྱལ་ཁབ་དྲུག་པོ་དེ་རྣམས་ནི་སྦེ་རའན་ ཀུ་ལྦེཏ་ ཨོ་མའན་ ཁ་ཏའར་ སའོ་རྡི་ཨ་རེ་སྦི་ཡ་ ཡུ་ཨེ་ཨི་བཅས་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎