ཨ་རིའི་གྲོས་ཚོགས་ནང་རྒྱ་རི་རིན་པོ་ཆེར་ཆེ་བསྟོད།
2012.09.21
༄༅། །འདི་ག་ཨ་རིའི་རྒྱལ་ས་Washington དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་Gere Smith ལགས་ཀྱིས་གསུང་དོན། མི་ཚེ་ཧྲིལ་པོའི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་ཆེད་དུ་ཞབས་ཞུ་གྲུབ་པའི་བྱས་རྗེས་ལ་གྲོས་ཚོགས་གོང་མས་བསྔགས་བརྗོད་དང་ཆེ་བསྟོད་ཞུ་རྒྱུའི་སྤྱི་མོས་ཀྱི་གྲོས་ཆོད་བཞག་ཐུབ་པ་དེ་ནི་གུས་བརྩིའི་རྣམ་པ་ཞིག་མཚོན་ཐུབ་ཡོད་པ་རེད་ཅེས་གསུང་ཡོད་པ་རེད།
ཆེ་བསྟོད་ཞུ་རྒྱུའི་གྲོས་ཆོད་དེ་ཐོག་མར་ཕྱི་ཟླ་༩ པའི་ཚེས་༡༣ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་John Kerry མཆོག་གིས་གྲོས་ཚོགས་གོང་མའི་ནང་བཏོན་གནང་བ་དང༌། ཁོང་གི་གྲོས་ཆོད་དེར་གྲོས་ཚོགས་ཀྱི་འཐུས་མི་བརྒྱད་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་པ་རེད། །