སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འབྲས་ལྗོངས་ཁུལ་གྱི་ཆིབས་བསྒྱུར་མཛད་འཆར་ལ་ཅུང་འགྱུར་བ་ཕྱིན་འདུག

2023.10.04
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འབྲས་ལྗོངས་ཁུལ་གྱི་ཆིབས་བསྒྱུར་མཛད་འཆར་ལ་ཅུང་འགྱུར་བ་ཕྱིན་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་གཙུག་ལག་ཁང་དུ། ༡༠།༠༤།༢༠༢༣
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འབྲས་ལྗོངས་ཁུལ་གྱི་ཆིབས་བསྒྱུར་མཛད་འཆར་ལ་ཅུང་འགྱུར་བ་ཕྱིན་འདུག དེ་ནི་སྔོན་འཆར་ལྟར་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡༠བའི་ཚེས་༡༠ཉིན་འབྲས་ལྗོངས་སུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་ན་ཡང། ད་ཆ་མཛད་འཆར་ལ་ཅུང་འགྱུར་བ་ཕྱིན་ཏེ། ཕྱི་ཚེས་༡༦ནས་༢༠བར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་བཞུགས་གནང་མཛད་རྒྱུ་ཡིན་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གིས་མཛད་འཆར་གསལ་བསྒྲགས་གནང་པའི་ནང་། ཕྱི་ཟླ་༡༠ཚེས་༡༧ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་མང་ཚོགས་ལ་ལག་ལེན་སོ་བདུན་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་དང་། ཕྱི་ཚེས་༡༨ ཉིན་གུ་རུའི་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་བཀའ་དབང་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་འདུག འབྲས་ལྗོངས་ཀྱི་ཆིབས་བསྒྱུར་འདི་ནི་མངའ་སྡེའི་གཞུང་རང་གི་ཐོག་ནས་གདན་ཞུ་གསོལ་འདེབས་ཞུས་པ་ཞིག་ཡིན་པ་རེད།
ཕྱི་ཟླ་༡༠བའི་ཚེས་༢༡ཉིན་རྒྱ་གར་གྱི་ནུབ་བྷང་གྷེལ་གྱི་མངའ་སྡེའི་ས་ལུ་ག་རའི་ནང་ཡོད་པའི་དཔལ་ལྡན་སྲད་རྒྱུད་མ་དགོན་གྲྭ་ཚང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེར་ཆིབས་བསྒྱུར་གྱིས་བྱང་སེམས་བོག་ཆོག་གི་ཐོག་ནས་ཆོས་འབྲེལ་སྐྱོང་གནང་མཛད་རྒྱུའི་མཛད་འཆར་ཡོད་འདུག


གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎