ཆམ་པའི་ནད་འབུ་རྒྱལ་ཁབ་ཉི་ཤུ་རྩ་དགུའི་ནང་ཁྱབ་གདལ་ཕྱིན་པ།
2009.05.09
༄༅༎’’འཛམ་གླིང་གི་འཕྲོད་བསྟེན་ལྷན་ཁང་གིས་ཁེ་ས་འགྲེམས་སྤེལ་གནང་བའི་སྙན་ཐོ་གཞིར་བཟུང་བྱས་ན་ད་ལྟའི་འཆར་ཨེཇ་༡ཨེན་༡ཞེས་པའི་ཕག་པ་དང་བྱ་ཏེ།མི་དང་བཅས་པའི་ཆམ་པའི་ནད་འབུ་འགོས་པའི་མིའི་གྲངས་འབོར་དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་གྲངས་ཉི་ཤུ་རྩ་དགུའི་ནང་ཁྱབ་གདལ་ཕྱིན་ཏེ་ད་ལྟ་བར་མི་གྲངས་༣༤༤༠ཙམ་ལ་ནད་འབུ་དེ་འགོས་ཡོད་པ་རེད།
ནད་འབུ་དེ་ཐོག་མར་ཐོན་སའི་རྒྱལ་ཁབ་མེཀ་སི་ཀོའི་ནང་ཆམ་པའི་ནད་འབུ་དེ་འགོས་པའི་ཁོངས་ན་མི་གྲང་བཞི་ཅུ་ཞེ་ལྔ་འདས་གྲོངས་སུ་གྱུར་ཡོད་པ་རེད། ཡིན་ནའང་ད་ཆ་ཆམ་པའི་ནད་འབུ་དེའི་འགོས་ཁྱབ་ཉུང་དུ་ཕྱིན་ཡོད་པ་དང་ཡུལ་མི་ཚོས་ཕར་འགྲོ་ཚུར་འོང་བྱ་རྒྱུ་དང་ཚོང་ལས་བྱ་རྒྱུའི་ཐོག་ལ་ད་བར་བཀག་འགོག་བྱ་རྒྱུ་སོགས་ཡང་དུ་བཏང་བ་རེད་ཅེས་མེཀ་སི་ཀོའི་གཞུང་གིས་གསལ་བསྒྲགས་བྱས་ཡོད་པ་རེད། འཛམ་གླིང་གི་འཕྲོད་བསྟེན་ལྷན་ཁང་གིས་ཀྱང་ཨེཇ་༡ཨེན་༡ཞེས་པའི་ཆམ་པའི་ནདའབུར་བརྙད་དེ་འཛམ་གླིང་གི་རྒྱལ་ཁབ་ཕན་ཚུན་བར་འགྲིམ་འགྲུལ་བྱ་རྒྱུའི་ཐོག་བཀག་འདོམ་བྱ་རྒྱུ་ཡོག་མ་རེད་ཅེས་སློབ་སྟོན་ཡང་ཡང་གནང་བཞིན་པ་ཡིན་པ་རེད། ད་ལྟའི་ཆར་ཨེཇ་༡ཨེན་༡ཞེས་པའི་ཕག་པ་དང་བྱ་ཏེ།མི་དང་བཅས་པའི་ཆམ་པའི་ནད་འབུ་འགོས་པའི་མིའི་གྲངས་འབོར་དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་གྲངས་ཉི་ཤུ་རྩ་དགུའི་ནང་ལ་མ་གཏོགས་དེའི་ཕྱི་ལ་ཁྱབ་གདལ་ཕྱིན་མེད་ཀྱང་གལ་ཏེ་ཨེཇ་༡ཨེན་༡་ཞེས་པའི་ཆམ་པའི་ནད་འབུ་དེ་བཞིན་ཨ་མི་རི་ཀའི་གླིང་ཕྲན་གྱི་ཕྱི་ལ་མི་མང་གང་འཚམས་ལ་འགོས་ཁྱབ་ཕྱིན་པ་ཡིན་ཚེ་འཛམ་གླིང་གི་འཕྲོད་བསྟེན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ལྕམ་མཱར་ག་རེཏ་ཆཱེན་གྱིས་ནད་འབུ་དེ་འཛམ་གླིང་ཡོངས་སུ་ཁྱབ་པའི་ཆེས་ཉེན་འཚབས་ཆེ་བའི་ནད་ཡམས་ཤིག་ཏུ་ཡོངས་ཁྱབ་དྲིལ་བསྒྲགས་གནང་རྒྱུ་ཡིན་པ་རེད༎