རིམས་ནད་ཨེཇ་༡ཨེན་༡ནད་འབུར་དོགས་ཟོན་བྱེད་དགོས་སྐོར།
2009.05.15
༄༅༎དེ་རིང་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་གྱིས་དེང་སྐབས་འཛམ་གླིང་ནང་ཁྱབ་གདལ་འགྲོ་བཞིན་པའི་ཕག་པའི་རིམས་ནད་ཨེཇ་༡ཨེན་༡ནད་འབུར་དོགས་ཟོན་བྱ་དགོས་པ་དང་གལ་ཏེ་རིམས་ནད་སྔོན་འགོག་མ་བྱས་པར་ལྷོད་གཡེང་དུ་བཏང་བ་ཡིན་ཚེ་མ་འོངས་པར་རྒྱལ་སྤྱིའི་ནང་ཚབས་ཆེའི་ནད་ཡམས་ཤིག་ཏུ་འགྱུར་སྲིད་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ལྕམ་མའར་ག་རེཏ་ཆེན་གྱིས་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཡོད་པའི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་དུ་ཚོགས་པའི་རིམས་ནད་དེ་སྔོན་འགོག་དང་གདོང་ལེན་གྱི་གྲ་སྒྲིག་བྱ་ཕྱོགས་ཐད་ཀྱི་ལྷན་ཚོགས་ཐོག་དེང་སྐབས་ཁྱབ་གདལ་འགྲོ་བཞིན་པའི་རིམས་ནད་དེ་ནི་བྱང་ཨ་མི་རི་ཀའི་ནང་ཉུང་དུ་འགྲོ་གི་ཡོད་པའི་རྣམ་པ་ཐོན་བཞིན་ཡོད་པ་དང་ཡིན་ནའང་བྱང་ཨ་མི་རི་ཀའི་ནང་ཉུང་དུ་ཕྱིན་པ་དེ་ཡིས་འཛམ་གླིང་ཁྱོན་ཡོངས་ནང་རིམས་ནད་དེའི་དཀའ་ངལ་ཐག་གཅོད་བྱས་པ་ཞིག་དང་རྩ་མེད་དུ་ཕྱིན་པ་མཚོན་ཐུབ་ཀྱི་མེད་ཅིང་ད་དུང་ཡང་རིམས་ནད་དེའི་ཐོག་གཞུང་དང་མི་དམངས་ཚོས་སྔར་བས་དོ་སྣང་དང་དོགས་ཟོན་ཆེར་སྐྱེད་བྱ་དགོསཔའི་སྐོར་གསུངས་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ཕྱག་རོགས་ལས་ཚབ་པ་ཀེ་ཇི་ཕུ་ཀུ་ཌ་ཡིས་ལྷན་ཚོགས་དེའི་ཐོག་ལ་དེ་རིང་བར་ཕག་པའི་རིམས་ནད་དེ་འཛམ་གླིང་ནང་འགོས་ཁྱབ་བྱུང་བའི་ནད་པ་བདུན་སྟོང་ལྔ་བརྒྱ་ལྷག་བྱུང་བ་མ་ཟད་ནད་འབུ་དེ་ཡིས་འཛམ་གླིང་གི་རྒྱལ་ཁབ་ཁག་༣༤ནང་གི་མི་དམངས་༦༥རྐྱེན་ལམ་དུ་ཕྱིན་ཡོད་པའི་སྐོར་བསྡོམས་རྩིས་གསུངས་ཡོད་པ་རེད།