ཧུའུ་ཡའོ་པང་གི་འདྲ་གཟུགས་ཞིག་རྒྱ་ནག་ནང་དབུ་འབྱེད།

རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གནང་མྱོང་ཡོད་པ་དང་། རྒྱ་ནག་གཞུང་གིས་ནག་ཉེས་ཀྱང་བཀལ་མྱོང་བ་ཧུའུ་ཡའོ་པང་གི་འདྲ་གཟུགས་ཞིག་རྒྱ་ནག་ནང་དབུ་འབྱེད་བྱས་ཡོད་འདུག

2013.01.09

དེ་ཡང་གནས་ཚུལ་ལྟར་ན། ཟངས་ཀྱིས་བཟོས་པའི་ཧུའུ་ཡའོ་པང་གི་འདྲ་གཟུགས་དེ་གཟའ་ཉི་མའི་ཉིན་རྒྱ་ནག་ཀྲེ་ཅང་གི་Dechen མཚོ་གླིང་དུ་དངོས་སུ་སྒོ་འབྱེད་བྱས་ཡོད་པ་དང༌། ཧུའུ་ཡའོ་པང་ནི་རྒྱ་ནག་གུང་ཁྲན་ན་གཞོན་ཚོགས་པའི་དྲུང་ཆེ་དང་པོ་དེ་ཡིན་པ་མ་ཟད་།  ཁོང་ནི་Dachen་མཚོ་གླིང་དུ་ཞིང་ལས་འཕེལ་རྒྱལ་གྱི་ཆེད་དུ་འབོད་སྐུལ་གནང་མཁན་དང་པོ་དེ་ཡིན་པ་ངོས་འཛིན་གནང་གི་ཡོད་ལུགས་རྒྱ་ནག་གི་ན་གཞོན་ཉིན་རེའི་གསར་ཤོག་ནང་གནས་ཚུལ་སྤེལ་འདུག

ཧུའུ་ཡའོ་པང་ནི་ཆབ་སྲིད་བཅོས་བསྒྱུར་ལ་རེ་བ་བྱེད་གནང་མཁན་ཚོས་མིག་དཔེ་བལྟ་ས་ཞིག་ཡིན་པ་དང༌། བོད་ནང་དུ་ཡང་བོད་མི་རྣམས་ལ་རང་དབང་ཚད་ལྡན་སྤྲོད་དགོས་བ། དེ་སྔོན་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ནོར་འཁྲུལ་ཡིན་པར་མངོན་གསལ་དུ་བཤད་མཁན་ཞིག་ཀྱང་ཡིན་པ་རེད།

ཁོང་གིས་སློབ་ཕྲུག་རྣམས་ལ་མང་གཙོའི་དགོས་འདུན་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་་བཀའ་ཁྲོལ་གནང་བའི་རྒྱུ་མཚན་གྱིས་ཁོང་དམར་ཤོག་ཚོགས་པའི་གོ་གནས་ནས་གནས་གཡུག་བཏང་མཐར་༡༩༨༩་ལོར་འདས་གྲོངས་སོང་ཡོད་པ་དང༌། ཁོང་གྲོངས་པའི་རྗེས་སུ་སློབ་ཕྲུག་གི་ལས་འགུལ་བསྐྱར་དུ་ལངས་ནས་མཐའ་མ་དྲུག་བཞིའི་དམར་གསོད་ཀྱི་དོན་རྐྱེན་དེ་བྱུང་ཡོད་པ་རེད། རྒྱུ་མཚན་དེས་ད་ཕན་རྒྱ་ནག་དམངས་ཁྲོད་དུ་ཧུའུ་ཡའོ་པང་འདྲ་གཟུགས་བསྐྲུན་པ་དཀོན་པོ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎