རྒྱ་ནག་ནང་གི་ངལ་རྩོལ་བསྒྱུར་བཀོད་ཀྱི་ལས་གཞིར་སྐྱོན་བརྗོད།

ངལ་རྩོལ་བསྒྱུར་བཀོད་ཐེབས་རྩ་ཚོགས་པའི་འགན་འཛིན་ཧད་རི་ལྦུའུ་ཡིས་རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ལས་གཞིར་སྐྱོན་བརྗོད་གནང་བ།

2010.04.21

༄༅༎ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་ཁུལ་དུ་རྟེན་གཞི་གནང་བའི་ངལ་རྩོལ་བསྒྱུར་བཀོད་ཐེབས་རྩ་ཚོགས་པའི་འགན་འཛིན་འགྲོ་བ་མིིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་ཧད་རི་ལྦུའུ་འམ་ལྦུའུ་ཧུང་དའ་ཡིས་གཟའ་ལྷག་པའི་ཉིན་ཉི་ཧོང་གི་ཕྱི་རྒྱལ་གསར་འགྱུར་ལས་ཁང་ནང་གསུང་བཤད་གནང་བའི་སྐབས་ རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོད་ལས་གཞིར་སྐྱོན་བརྗོད་གནང་ཏེ་ རྒྱ་ནག་གི་ངལ་བརྩོལ་བསྒྱུར་བཀོད་ཅེས་པ་དེ་ནི་  མིང་ཚིག་མི་འདྲ་བ་ཞིག་བཏགས་པ་མ་གཏོགས་བཙོན་ཁང་དང་གཅིག་མཚུངས་ཡིན་པའི་ཁར་ དེའི་ནང་བཙོན་པ་ཚོར་བཙན་དབང་གིས་ངལ་རྩོལ་སྣ་ཚོགས་སྐུལ་གྱི་ཡོད་པ་མ་ཟད་ ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ནས་འདས་གྲོངས་སུ་ཕྱིན་པའི་མིའི་ནང་ཆ་ཕྱིར་ཚོང་འགྲེམས་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད་ སྐུ་ཞབས་ཧད་རི་ལྦུའུ་༡༩༣༧ལོར་རྒྱ་ནག་ནང་འཁྲུངས་ཡོད་པ་དང་ ཁོང་རང་ལོ་༢༣ལ་སླེབས་པའི་སྐབས་རྒྱ་ནག་གི་ངལ་བསྩོལ་བསྒྱུར་བཀོད་ར་བའི་ནང་མི་ལོ་བཅུ་དགུ་ཙམ་བཙོན་འཇུག་བྱས་ནས་སྡུག་སྦྱོང་མནར་བཅོད་ཚད་མེད་མྱོང་གནང་མྱོང་ཡོད་ཅིང་༡༩༨༥ལོར་ཨ་རིའི་ནང་ཕེབས་ཐུབ་ཏེ་ ༡༩༩༢ལོར་ངལ་བསྩལ་བསྒྱུར་བཀོད་ར་བའི་གནས་ཚུལ་འཚོལ་ཞིབ་ཀྱི་ཐེབས་རྩ་ཚོགས་པ་དེ་གསར་བཙུགས་གནང་ཡོད་པ་རེད་ སྐུ་ཞབས་ཧད་རི་ལྦུའུ་ཡིས་  དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེ་ཕྱིན་པ་དང་ཕྱོགས་མཚུངས་ཕྱི་རྒྱལ་ཡུལ་ཁག་ནང་རྒྱ་ནག་གི་དངོས་ཟོག་འཕོན་ཆེན་ཕྱིར་འདྲེན་བྱེད་ཀྱི་ཡོད་པ་དང་ ཡིན་ནའི་དངོས་ཟོག་དེ་དག་ནང་ནས་མང་པོ་ཞིག་ངལ་བསྩོལ་བསྒྱུར་བཀོད་བཙོན་རའི་ནང་ བཙོན་འཇུག་བྱེད་བཞིན་པའི་བཙོན་པ་ཚོར་སྡུག་སྦྱོང་མནར་གཅོད་བཏང་ནས་བཟོས་པའི་དངོས་ཟོག་ཡིན་ན་ཡང་ ཕྱི་རྒྱལ་ཡུལ་གྲུ་མང་པོ་ཞིག་གིས་དཔལ་འབྱོར་དང་ཚོང་དོན་གྱི་ཆེད་གནས་ཚུལ་དེ་རིགས་ཡོད་པ་ཤེས་བཞིན་དུ་མུ་མཐུད་ནས་རྒྱ་ནག་དང་ཚོང་འབྲེལ་བྱེད་ཀྱི་ཡོད་པའི་སྐོར་ཡང་གསལ་སྟོན་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎