ཉི་ཧོང་གི་རྡུལ་ཕྲན་ནུས་པའི་གློག་ཁང་གི་ཉེན་ཚབས་སྐོར།
2011.03.15
༄༅༎ས་ཡོམ་དང་རྒྱ་མཚོའི་རྦ་རླབས་འཕྱུར་ཏེ་གནོད་སྐྱོན་ཕོག་པའི་ཉི་ཧོང་གི་རྡུལ་ཕྲན་ནུས་པའི་གློག་ཁང་ཁག་ནས་དུག་རླངས་ཤུགས་ཆེན་པོ་ཤོར་བའི་ཉེན་ཁ་དེ་ཙམ་མེད་སྐོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་ནས་གསལ་བསྒྲགས་གནང་འདུག དེ་ཡང་ཉེ་ལམ་ཉི་ཧོང་ནང་ས་ཡོམ་ཤུགས་ཚད་༨དང༌ཚག་དགུ་བྱས་པ་ཞིག་བརྒྱབ་པ་མ་ཟད། ས་ཡོམ་དེས་རྐྱེན་པས་རྒྱ་མཚོའི་རྦ་རླབས་འཕྱུར་ཏེ། མི་རྒྱུ་གཉིས་ལ་ཧ་ཅང་གོད་ཆགས་ཆེན་པོ་བྱུང་བའི་ཐོག་ ད་ཆ་རྐྱེན་ངན་བྱུང་སའི་མངའ་ཁུལ་དུ་རྟེན་གཞི་བྱས་པའི་རྡུལ་ཕྲན་བཟོ་གྲ་ཁག་ནས་དུག་རླངས་ཤོར་བའི་བློ་འཚབ་བྱས་ཏེ། རྡུལ་ཕྲན་བཟོ་གྲ་དེ་དག་གི་ཐོག་ཚན་རིག་པས་རྟོགས་ཞིབ་ནན་པོ་བྱེད་བཞི་པ་དང་ཆབས་ཅིག དེ་ལྟབུའི་ཉེན་ཁ་ཡོད་སའི་མི་མང་རྣམས་ཉེན་གཡོལ་གྱི་ཆེད་དུ་ས་གནས་གཞན་དུ་གནས་སྤོ་བྱས་ཡོད་པ་དེ་ལྟར་ཡང༌། གནད་དོན་འདིའི་ཐད་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པ་གེརེག་རི་ཧོལ་ཡིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་བའི་ནང༌། ས་ཡོམ་གྱི་གནོད་སྐྱོན་ཕོག་པའི་ཉི་ཧོང་གི་རྡུལ་ཕྲན་བཟོ་གྲ་དེ་དག་ནས་མིའི་འཕྲོད་བསྟེན་ལ་ཚབས་ཆེའི་གནོད་འཚེ་བཟོ་གཞིའི་ཉེན་ཁ་དེ་ཙམ་མེད་པ་ནི། བཟོ་གྲ་དེ་དག་ནས་རྡུལ་ཕྲན་གྱི་དུག་རླངས་ཕྲན་བུ་ཙམ་ཡང་ཤོར་མེད་པ་མ་ཟད། ཉེན་ཁ་ཡོད་སའི་མངའ་ཁུལ་དུ་ཡོད་པའི་མང་ཚོགས་རྣམས་ས་གནས་གཞན་དུ་གནས་སྤོ་བྱས་ཟིན་ཡོད་སྟབས། རྡུལ་ཕྲན་གྱི་དུག་རླངས་ཀྱིས་རྐྱེན་པས་མིའི་འཕྲོད་བསྟེན་ལ་ཉེན་ཁ་བཟོ་གཞིའི་གནས་ཚུལ་ཆེ་བ་ཡོང་བཟོ་མེད་པའི་དགོངས་ཚུལ་གསུང་འདུག