ཀླུ་ཆུ་རྫོང་ལ་ཁྲིམས་ར་ཚོགས་འདུག
2013.03.01

༄༅། །བོད་ནས་གནས་ཚུལ་འབྱོར་དོན། ཁ་སང་ཚེས་༢༨ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཐོག་ལ་བདེ་འཇགས་སྲུང་བྱ་དམ་པོ་བྱས་ནས་རྫོང་གི་ཁྲིམས་ཁང་ལ་ཉེ་ལམ་འཛིན་བཟུང་བྱས་བའི་བོད་མི་ཁག་ཅིག་ལ་མངོན་གསལ་མེད་པའི་ཐོག་ཁྲིམས་ར་ཚོགས་ཡོད་པ་དང་། གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། དེ་ནི་ཉེ་ལམ་ས་གནས་རྒྱ་ནག་གི་ཉེན་རྟོག་པས་༢༠༡༢ཟླ་༡༢པའིོ་ནང་རིམ་པར་འཛིན་བཟུང་བྱས་པའི་ཀན་ལྷོ་ཀླུ་ཆུ་རྫོང་ཟམ་ཚ་ལོ་ཚོ་སྡེ་བའི་སྐལ་བཟང་སྐྱབས་དང་། སྐལ་བཟང་བསོད་ནམས། ཚེ་གཟུངས། རྡོ་རྗེ་དོན་གྲུབ། སྐལ་བཟང་རྣམ་འདྲེན། བསོད་ནམས་སྐྱིད། ལྷ་མོ་རྡོ་རྗེ། ཉི་མ་བཅས་མི་སྐྱ་ཁག་ཅིག་དང་། ཟམ་ཚ་གདོང་ཟུག་དགོན་པའི་དགེ་འདུན་པ་དང་རྩོམ་པ་པོ་སྐལ་བཟང་བསམ་གྲུབ་བཅས་ཀྱི་ཆེད་ཁྲིམས་ར་ཚོགས་བཞིན་པ་ས་གནས་བོད་མི་ཚོས་ཚོད་དཔག་ཙམ་ལས་ཉིན་དེར་རྫོང་གི་ ཁྲིམས་ཁང་གི་ཉེ་འཁོར་ཡོངས་སུ་ཉེན་རྟོག་པ་དང་དམག་གིས་བསྐོར་ནས་བཏང་མེད་པ་ རེད་འདུག།
དེ་རིང་གནས་ཚུལ་འབྱོར་བར་གཞིགས་ན། ཚེས་༢༨ཀྱི་ཀན་སུའུ་ཉིན་རེ་ཚགས་པར་གྱི་ནང་བཀོད་ཡག་ལ། ཀླུ་ཆུའི་མི་དམངས་ཁྲིམས་ཁང་གིས་ལྷ་མོ་རྡོ་རྗེ་ལ་ལོ་༡༥དང་། སྐལ་བཟང་བསོད་ནམ་ལ་ལོ༡༡། ཚེ་གཟུངས་སྐྱབས་ལ་ལོ༡༠བཅས་ཁྲིམས་ཐག་བཅད་ཡོད་པ་རེད་འདུག།