ཨོ་ལིམ་པིག་རྩེད་འགྲན་དཔལ་འབར་ཤིན་ཅང་དུ་བསྐོར་བསྐྱོད།

རྒྱ་ནག་གཞུང་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་ཨོ་ལིམ་པིག་དཔལ་འབར་སྐོར་བསྐྱོད་འགོ་བཙུགས་པ་བཞིན་དམ་བསྒྲགས་ཆེན་པོ་ཡོད་པ་རེད།

2008.06.17

༄༅༎རྒྱ་ནག་གཞུང་གིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་དེ་རིང་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་འགོ་བཙུགས་པ་བཞིན་ཉེན་རྟོག་པ་འགྲེམས་འཇོགས་ཀྱི་དམ་བསྒྲགས་ཆེན་པོ་བྱས་ཡོད་ཅིང། དེ་ནི་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་རྒྱ་ནག་རྒྱལ་ཡོངས་སུ་སྐོར་བསྐྱོད་བྱ་རྒྱུའི་འཆར་གཞིའི་ནང་ནས་ཤིན་ཅང་ནང་གི་སྐོར་བསྐྱོད་ཀྱི་བྱེད་སྒོ་དེ་ནི་ཆབ་སྲིད་ཀྱི་འཚོ་བ་གཟབ་པའི་གྲས་ཤིག་ཡིན་པ་ངོས་འཛིན་བྱེད་ཀྱི་རེད།

ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་སྲུང་སྐྱོབ་ཀྱི་ལས་དོན་ཧ་ཅང་གི་དམ་བསྒྲགས་བྱས་པ་དང་ཉེན་རྟོག་པའི་ལྟ་སྲུང་ཁང་གིས་དུས་རྒྱུན་གྱི་རྒྱལ་སའི་ནང་གི་བྱེད་སྒོ་ཁག་ཐོག་རྟོག་ཞིབ་དང་དམ་བསྒྲགས་བྱེད་པ་མ་ཟད། དམིགས་བསལ་རྒྱལ་སའི་ནང་གི་མི་དམངས་ཀྱི་ཐང་ཆེན་ཐོག་ལ་ཉེན་རྟོག་པ་ཕོན་ཆེ་འགྲེམས་འཇོགས་ཀྱི་སྲུང་སྐྱོབ་དམ་བསྒྲགས་ཆེན་པོའི་འོག་དེ་རིང་རྒྱལ་སའི་དབུས་ཀྱི་དཔལ་འབར་སྐོར་བསྐྱོད་ཀྱི་བྱེད་སྒོ་ཚར་ཡོད་པ་རེད། རྒྱ་ནག་གཞུང་གིས་དཔལ་འབར་སྐོར་བསྐྱོད་ཉིན་གསུམ་རིང་ཤིན་ཅང་གི་གྲོང་ཁྱེར་ཁག་བཞིའི་ནང་སྐོར་བསྐྱོད་བྱ་རྒྱུའི་འཆར་གཞི་དང་དེ་རྗེས་བོད་ནང་འཁྱེར་རྒྱུ་ཡིན་ཞིང། ཡིན་ནའང་རྒྱ་ནག་ཕྱོགས་ནས་ཤིན་ཅང་དང་བོད་ཀྱི་ས་ཁུལ་དེ་གཉིས་ཆབ་སྲིད་ཀྱི་ཚོར་བ་ཧ་ཅང་གི་གཟབ་པའི་ས་ཁུལ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་དེ་རིང་རྒྱ་ནག་གི་དཔལ་འབར་དེ་བཞིན་རྒྱལ་ས་ཨུ་རུམ་ཆི་ནང་གི་མི་དམངས་ཐང་ཆེན་ནས་རྒྱལ་སའི་བརྒྱུད་དུ་སྐོར་བསྐྱོད་བྱས་ཏེ་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཡོད་པའི་རྣམ་པ་མཚོན་ཐབས་བྱས་ཡོད་པ་དང་སྐོར་བསྐྱོད་ཀྱི་དགའ་བསུ་ཞུ་མཁན་མི་དམངས་གསུམ་སྟོང་ཙམ་འདུ་འཛོམས་བྱས་ཡོད་ཀྱང་དེའི་ནང་མང་ཆེ་བ་རྒྱ་ཧའན་མི་རིགས་ཡིན་ཞིང། ཤིན་ཅང་ཁ་ཆེའི་མི་རིགས་ཉུང་ཤས་ལས་མཐོང་རྒྱུ་མེད་པ་རེད།   

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎