ཧིན་སྒོར་འབུམ་ལྔའི་རོགས་སྐྱོར།


2013.03.08

༄༅།    །ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གངས་སྐྱོན་བྱུང་ཡུལ་གྱི་བོད་མི་གནས་སྡོད་བྱ་ཡུལ་ས་གནས་ཁག་ཏུ་གཟིགས་ཞིབ་ཏུ་ཕེབས་ཐོན་གནང་བ་ལྟར། ཁ་སང་ཚེས་༧ ཉིན་ལ་དྭགས་ཁུལ་དུ་ཆགས་པའི་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་བ་དང༌།  ཚེས་༨ ནས་གཟིགས་ཞིབ་ཀྱི་ལས་དོན་འགོ་བཙུགས་གནང་སྟེ། དེ་ཉིན་ལ་དྭགས་རྒོད་ཡུལ་དང༌། བྱང་ཐང་བཀག་གཞུང་དུ་ཡོད་པའི་བོད་མི་རྣམས་ལ་གཟིགས་ཞིབ་གནང་ཡོད་པ་རེད།  ཐེངས་འདིར་ལ་དྭགས་བྱང་ཐང་ས་ཁུལ་དུ་གངས་སྐྱོན་ཤུགས་ཆེ་ཕོག་སྟེ་བོད་མི་འབྲོག་པ་རྣམས་ཀྱི་སྒོ་ཕྱུགས་ཧ་ཅང་མང་པོའི་ཚེ་སྲོག་ཤོར་བ་སོགས་ཀྱི་དཀའ་ངལ་འཕྲད་པ་དེར་ངལ་སེལ་རོགས་སྐྱོར་ཆེད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཧིན་སྒོར་འབུམ་ལྔ་གསོལ་རས་གནང་ཡོད་པ་རེད།    ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ད་རེས་ཀྱི་བྱུང་རྐྱེན་གྱི་ངལ་སེལ་ཆེད་དེ་སྔ་ཧིན་སྒོར་འབུམ་བཅུ་གསོལ་རས་བསྩལ་གནང་མཛད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎