བོད་ནང་གངས་སྐྱོན་གྱིས་འགྲིམས་འགྲུལ་དཀའ་ངལ་།

བོད་ནང་གངས་ཆེན་པོ་བབས་པའི་རྐྱེན་གྱིས་སྣུམ་འཁོར་འགྲུལ་ལམ་འགག་པའི་གནས་ཚུལ་བྱུང་སྐོར་གནས་ཚུལ་ཐོན་འདུག

2012.02.13

༄༅༎བོད་ནང་གངས་ཆེན་པོ་བབས་པའི་རྐྱེན་གྱིས་སྣུམ་འཁོར་འགྲུལ་ལམ་འགག་པའི་གནས་ཚུལ་བྱུང་སྐོར་རྒྱ་གཞུང་གིས་གཉེར་བའི་ཤིན་ཧ་གསར་འགྱུར་ལས་ཁང་གིས་གནས་ཚུལ་བཏོན་ཡོད་པ་རེད་ གནས་ཚུལ་ནང་བཀོད་པར་གཞིགས་ན་གངས་ཆེན་པོ་བབས་པའི་ལམ་ཆེན་དེ་དག་བསང་རྒྱུར་དྲག་པོའི་དཔུང་དམག་དང་ལམ་ཆེན་ཐོག་ལས་ཀ་བྱེད་མཁན་རྣམས་ཀྱིས་གང་ཡོང་བྱེད་ཀྱི་ཡོད་སྐོར་དང་འགྲུལ་ལམ་ཆ་ཤས་ཤིག་རེས་གཟའ་སྤེན་པའི་ཉིན་རྒྱབ་སྒོ་ཕྱེས་ཐུབ་པ་བྱུང་ཡོད་སྐོར་གནས་ཚུལ་བཀོད་ཡོད་པ་རེད་ བོད་ནང་གངས་ཆེན་པོ་དེ་རེས་གཟའ་མིག་དམར་ཉིན་བབས་འགོ་ཚུགས་ཡོད་པ་དང་གངས་བབས་ཡུལ་དེ་རྒྱ་ནག་གིས་བོད་རང་སྐྱོངས་ལྗོངས་ཞེས་འབོད་པའི་ས་ཁུལ་དང་བལ་ཡུལ་བར་བསྐྱོད་རྒྱུའི་འགྲུལ་བསྐྱོད་ལམ་ཆེན་ས་ཁུལ་དུ་བབས་ཡོད་པ་དང་གངས་དེ་ཡང་མི་ཀྲར་གཉིས་ཙམ་བབས་ཡོད་པ་རེད་              བོད་རང་སྐྱོངས་ལྗོངས་ཞེས་པ་དང་བལ་ཡུལ་བར་གྱི་ལམ་ཆེན་དེ་ཀི་ལོ་མི་ཀྲར་ ༨༢༩ ཙམ་ཡོད་པ་དང་དེ་བོད་ཀྱི་རྒྱལ་ས་ལྷ་ས་ནས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུ་གཉིས་མཐུད་ཀྱི་ཡོད་ཅིང་དེ་ཕྱི་ལོ་ ༡༩༦༥ ལོར་རྒྱབ་པ་ཞིག་ཡིན་པ་རེད་ བོད་ནང་ཉིན་ཤས་སྔོན་ནས་རྒྱབ་པའི་གངས་ཆེན་པོ་དེས་བོད་མི་སྡོད་ཡུལ་གྱི་ནང་ཁྱིམ་ཁག་ལ་གནོད་སྐྱོན་དང་འགྲུལ་ལམ་དང་གློག་དེ་བཞིན་འཕྲིན་གཏོང་གི་འཕྲུལ་ཆས་ཐོག་སྐྱོན་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད་ གངས་ཀྱི་གནོད་སྐྱོན་ཆེ་ཤོས་དེ་བོད་ཀྱི་ས་མཚམས་ས་ཁུལ་གཉའ་ནང་ནང་བྱུང་ཡོད་ཅིང་ གཉའ་ནང་ཐང་ལར་སྐྱེས་པ་ ༥ དང་བུད་མེད་ ༤ ཉིན་གཅིག་ལྷག་པ་དང་ཁོང་རྣམས་དེའི་ཕྱི་ཉིན་དེར་སྐྱོབ་ཐུབ་པ་བྱུང་ཡོད་པ་རེད་ས་ཁུལ་གྱི་སྲུང་སྐྱོབ་ལས་དོན་ཀྱི་ཡེ་ཤེས་ཞེས་པ་ཞིག་གིས་ང་ཚོས་གོང་ཞུས་མི་དེ་དག་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པ་ཆུ་ཚོད་ ༧ པའི་ཐོག་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་སྐོར་དང་ཁོང་རྣམས་གཉའ་ནང་ཐང་ལ་ནས་ཀི་ལོ་མི་ཀྲར་ལྔའི་གྱང་ཁད་བར་མར་ལེན་ཐུབ་པ་བྱུང་སྐོར་གསུང་འདུག གོང་ཞུས་སྲུང་སྐྱོབས་རུ་ཁག་དེས་ད་བར་གཞིས་ཀ་རྩེ་ས་ཁུལ་ནས་མི་གྲངས་ ༢༣༢ སྲུང་སྐྱོབ་བྱས་ཐུབ་པ་བྱུང་སྐོར་རྒྱ་གཞུང་གིས་གཉེར་བའི་ཤིན་ཧ་གསར་འགྱུར་ལས་ཁང་གིས་གནས་ཚུལ་ཁྱབ་སྤེལ་བྱས་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎