ནང་སོག་གི་འབྲོག་པའི་རེ་སྐུལ་ལས་འགུལ་དང་འཇུ་བཟུང་།


2016.07.14
ནང་སོག་གི་འབྲོག་པ་ཚོས་རྒྱ་ནག་ལ་རེ་སྐུལ་ངོ་རྒོལ་ལས་འགུལ་སྐབས། ༢༠༡༦།༧།༡༢ ནང་སོག་གི་འབྲོག་པ་ཚོས་རྒྱ་ནག་ལ་རེ་སྐུལ་ངོ་རྒོལ་ལས་འགུལ་སྐབས། ༢༠༡༦།༧།༡༢
rfa.org/mandarin

ནང་སོག་གི་འབྲོག་པ་ཚོས་རྒྱ་ནག་གཞུང་ལ་རེ་སྐུལ་ལས་འགུལ་སྤེལ་སྐབས་འབྲོག་པ་གསུམ་བཟུང་བ་དང་བྱིས་པ་གཅིག་ལ་རྨས་སྐྱོན་ཕོག་འདུག
འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་གནས་ཚུལ་འབྱོར་དོན། སྔོན་མ་ནང་སྲོག་རང་སྐྱོང་ཁུལ་སྲིད་གཞུང་གིས་འབྲོག་པ་གཞི་སྤོར་བ་ཚོར་སྡོད་ཁང་དང་གུན་གསབ་མཁོ་སྤྲོད་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། ཁས་བླངས་བ་ཇི་བཞིན་དུ་ལག་བསྟར་མེད་སྟབས། སོག་པོའི་ཡུལ་མི་འབྲོག་པ་༤༠༠་ཙམ་ཟླ་འདིའི་ཕྱི་ཚེས་༡༢་ཉིན་ནས་བཟུང་། ས་གནས་རྒྱ་ནག་གི་སྲིད་གཞུང་གི་ལས་ཁུངས་མདུན་དུ་འདུ་འཛོམས་བྱས་ཏེ་ཞུ་སྐུལ་གྱི་ལས་འགུལ་སྤེལ་ཡོད་འདུག
ས་གནས་ཡུལ་མི་ཞིག་གིས་བརྗོད་དོན། ཟླ་འདིའི་ཕྱི་ཚེས་༡༢ཉིན། ཨིར་དཱོ་སི་གྲོང་ཁྱེར་ཧཱང་ཅིན་ཆིས་ཡིས་ཧཱི་ཝུའུ་སུའུ་སུའུ་མུའུ་དང་། ཞིས་ཉིས་གྲོང་བརྡལ། པཱ་ལ་ཀོང་གྲོང་བརྡལ་བཅས་ཀྱི་སོག་རིགས་འབྲོག་པ་༣༠༠་ནས་༤༠༠་ཙམ་ས་གནས་སྲིད་གཞུང་གི་མདུན་དུ་འཛོསམ་ནས། སྔོན་མ་འབྲོག་པ་ཚོར་སྡོད་ཁང་དང་འཚོ་སྣོན་སོཊ་སྤྲོད་རྒྱུའི་ཁས་ལེན་བྱས་པ་དག་ལག་ལེན་དུ་བསྟར་དགོས་བའི་འབོད་སྐུལ་ཞུས་ཡོད། གཞུང་གིས་ལོ་༨་ནས་༡༠་ཙམ་གྱི་སྔོན་ནས་ཁོར་ཡུག་སྲུང་སྐྱོབ་ཆེད་འབྲོག་པ་གཞི་སྤོར་ཟེར་བའི་ལས་འཆར་དེ་འགོ་བཙུགས་པའི་རྗེས། འབྲོག་པ་ས་ཁུལ་གཞན་དུ་གཞི་སྤོར་བྱེད་དགོས་བྱུང་ཡོད་ཀྱང་། ད་བར་གཞུང་གིས་ཁས་བླངས་བའི་དམ་བཅའ་བརྩི་སྲུང་བྱས་མེད། འབྲོག་པ་ཚོས་ཕྱི་ཚེས་༡༢་ཉིན་ནས་བཟུང་ཉིན་མཚན་གཉིས་ཀར་ཆིས་ས་གནས་སྲིད་གཞུང་གི་མདུན་དུ་བསྡད་དེ་ཞུ་སྐུལ་བྱེད་བཞིན་པ་དང་། ཕྱི་ཚེས་༡༢་ཀྱི་དགོང་མོ་ཉེན་རྟོག་པ་ས་གནས་སུ་སླེབས་ཏེ་མི་རྣམས་ཕྱིར་འདེད་ཐབས་བྱས་ཡོད་ཀྱང་། ཕྱི་ཚེས་༡༣་ཉིན་མུ་མཐུད་སྲིད་གཞུང་གི་མདུན་དུ་ཞུ་སྐུལ་བྱེད་བཞིན་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཡང་ཡུལ་མི་གཞན་ཞིག་གིས་བརྗོད་དོན་ལྟར་ན། ཕྱི་ཚེས་༡༣་གྱི་ཕྱི་དྲོ་ཆུ་ཚོད་བཞི་དང་ཕྱེད་ཀ་ཙམ་ལ། རྒྱ་ནག་གི་ཉེན་རྟོག་པས་བཙན་ཤེད་ཐོག་ཞུ་སྐུལ་ལས་འགུལ་བ་རྣམས་ལས་ཁུངས་མདུན་ནས་ཕྱིར་འདེད་ཐབས་བྱེད་སྐབས། ཡུལ་མི་གསུམ་འཛིན་བཟུང་བྱས་པ་དང་། བྱིས་པ་གཅིག་ལ་གཅར་རྡུང་གིས་རྨས་སྐྱོན་བཟོས་ཡོད་འདུག
འདི་ནི་ཟླ་བ་གཅིག་གི་ནང་ས་གནས་འབྲོག་པ་སོག་རིགས་ཚོས་རྒྱ་ནག་གི་སྲིད་གཞུང་གི་སྒོ་ཁར་ཞུ་འབོད་ཀྱི་ལས་འགུལ་སྤེལ་བ་ཐེངས་གཉིས་པ་དེ་ཡིན་ཞིང་། ཉེ་ཆར་ཕྱི་ཟླ་༦པའི་ཚེས་༢༧་ཉིན་ཧཱང་ཅིན་ཆིས་ས་གནས་ཀྱི་འབྲོག་པ་༥༠་ཙམ་གྱིས་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། ཆིས་སྲིད་གཞུང་གི་འབྲོག་ལས་ཐད་ཀྱི་འགོ་ཁྲིད་གཞོན་པས་བདུན་ཕྲག་གཅིག་གི་ནང་སྡོད་གནས་ཀྱི་གནད་དོན་ཐག་གཅོད་བྱ་ངེས་ཡིན་ལུགས་ཁས་ལེན་བྱས་ཡོད་འདུག་ལ། དེ་མིན་ཟླ་བ་གཅིག་གི་སྔོན་ལ་འབྲོག་པ་རྣམས་པེ་ཅིན་དུ་ཞུ་གཏུག་ཆེད་ཕྱིན་ཡོད་ཀྱང་། ས་གནས་དཔོན་རིགས་ཚོས་ཕྱིར་འགུག་ཐབས་བྱས་ཡོད་འདུག
སྤྱི་ལོ་༢༠༠༧་དང་༢༠༠༨་ལོ་ནས་འགོ་བཙུཊ་པའི་གཞུང་གི་སྲིད་ཇུས་ཁྲོད་གཞི་སྤོར་བྱེད་པའི་ཧཱང་ཅིན་ཆིས་ས་གནས་འབྲོག་ཁྱིམ་རེ་རེར་མུས་གྲུ་བཞི་མ་༧༠་ཅན་གྱི་སྡོད་ཁྱིམ་གུན་གསབ་ཏུ་སྤྲོད་རྒྱུའི་ཁས་བླངས་བར། མི་མང་གིས་ངོས་ལེན་བྱས་ཡོད་ནའང་། ཕྱིས་སུ་ལག་བསྟར་བྱས་མེད་སྟབས་འབྲོག་པ་རྣམས་ཀྱི་འཚོ་གནས་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག།

གསར་འགོད་པ་རྡོ་རྗེ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎