ཕོ་མཚན་གྱི་སྐྱི་པཊ་ནང་ཉལ་ཐ་སྦས་མཁན་ཞིག་འཇུ་བཟུང་བྱས་འདུག


2015.05.12
ཕོ་མཚན་སྐྱི་པགས་ནང་ཉལ་ཐ་སྦས་མཁན་རྒྱ་རིགས་འཇུ་བཟུང་བྱས་པ། ༢༠༡༥ ཕོ་མཚན་སྐྱི་པགས་ནང་ཉལ་ཐ་སྦས་མཁན་རྒྱ་རིགས་འཇུ་བཟུང་བྱས་པ། ༢༠༡༥
shanghaiist

ཕོ་མཚན་སྐྱི་པགས་ནང་ཉལ་ཐ་སྦས་ནས་པེ་ཅིན་ནས་ལྷ་སའི་མེ་འཁོར་ནང་ཡོང་མཁན་རྒྱ་རིགས་ཞིག་འཇུ་བཟུང་བྱས་འདུག
དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་མེ་འཁོར་ནང་བསྐྱོད་མཁན་རྒྱ་རིགས་ཤིག་གིས་ཕོ་མཚན་གྱི་སྐྱི་པགས་ནང་ཉལ་ཐ་དུག་རྫས་ལྐོག་སྦས་བྱས་ཡོད་མཁན་རྒྱ་རིགས་ཞིག་འཇུ་བཟུང་བྱས་ཡོད་པ་དང་། དེ་ནི་ཉེ་ཆར་མེ་འཁོར་མགྲིམ་འགྲུལ་ཉེན་རྟོག་པས་པེ་ཅིང་ནས་ལྷ་ས་བར་བསྐྱོད་མཁན་གྱི་དོགས་གཞི་ཅན་གྱི་འགྲུལ་པ་ཞིག་འཇུ་བཟུང་གིས། ཉེན་རྟོག་པས་ཁོའི་གཅིན་པར་བརྟག་དཔྱད་བྱས་སྐབས་ཉལ་ཐ་བཟི་རྫས་ཀྱི་རྟགས་ཡོད་པར་ཤེས་རྟོག་བྱུང་ཡོད་པ་དང་། དེ་ནས་ཁོ་པའི་ཅ་དངོས་རྣམས་སྔོག་བཤེར་རྒྱབ་སྐབས་ཉལ་ཐ་ཡི་རིགས་ཅི་ཡང་ཐོན་མེད་པ་རེད། དེ་རྗེས་རྒྱུན་རིང་བརྟག་དཔྱད་བྱས་ཏེ་འདྲི་རྩད་བྱེད་སྐབས་
དོགས་གཞི་ཅན་གྱི་མི་དེས་ཁོ་པའི་ཕོ་མཚན་གྱི་སྐྱི་པགས་ནང་ཉལ་ཐ་ལྐོག་སྦས་བྱས་ཡོད་པའི་ངོས་ལེན་བྱས་ཡོད་པ་རེད།
གནས་ཚུལ་ལྟར་ན། ཉེན་རྟོག་པའི་སར་ཁོ་པའི་ཕོ་མཚན་གྱི་སྐྱི་པགས་ནང་ནས་ཉལ་ཐ་ལྗིད་ཚད་གུ་རམ་བཅུ་འགྱིག་ཤོག་ནང་བླུགས་ནས་ཕོ་མཚན་གྱི་སྐྱི་པགས་འོག་ནས་བཏོན་ཡོད་པ་རེད།
ད་ལོ་པེ་ཅིང་ནས་ལྷ་སར་བསྐྱོད་མཁན་ནག་ཚོང་དེ་འདྲ་བ་རྒྱབ་མཁན་མི་གྲངས་༦་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་གྱིས་ཡུལ་གྱི་ནང་ཉལ་ཐ་ནག་ཚོང་རྒྱག་མཁན་མཚམས་འཇོག་དགོས་པའི་བཀའ་རྒྱ་ནན་པོ་བྱས་ཡོད་པ་དང་། ཉལ་ཐ་ནག་ཚོང་རྒྱབ་མཁན་མི་གྲངས་འབུམ་༦་ཙམ་ཡོད་པ་དེ་ཚོར་ཉེས་ཆད་བཏང་ཡོད་པ་རེད།

གསར་འགོད་པ་ཕྲེང་རིང་བསྟན་ནོར།

འབྲེལ་ཡོད་གནས་ཚུལ་གཤམ་ལ་ཆོས་སྐྱིད་ལགས་ཀྱིས་ངོ་སྤྲོད་ཞུས་པར་གསན་རོགས་ཞུ།

གསར་འགོད་པ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎