༧གོང་ས་མཆོག་གིས་དྲང་ངེས་ལེགས་བཤད་སྙིང་པོའི་བཀའ་ཆོས།
2014.11.04

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཟླ་འདིའི་ཕྱི་ཚེས་༣ཉིན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་སྙན་གྲགས་ཅན་གྱི་ཚོགས་ཁང་སྦེ་ཀན་ཐེ་ཊར་ཞེས་པའི་ནང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་བཀའ་ཆོས་དབུ་འཛུགས་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ས་གནས་ནས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་བསྟན་འཛིན་བདེ་སྐྱིད།