ལམ་རིམ་བསྡུས་དོན་གྱི་གསུང་ཆོས།
2013.09.30

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཅེན་པོ་མཆོག་གིས། བཞུགས་སྒར་ར་རྡ་རམ་ས་ལར་རྗེ་ཙོང་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་གསུང་ཆོས་དབུ་འཛུགས་མཛད་འདུག གསུང་ཆོས་ཞུ་བར་རྒྱ་ནག་དང་ཐེ་དབན་ནས་མི་གྲངས་དགུ་བརྒྱ་ཐེ་བའི་རྒྱལ་ཁབ་༥༤ཙམ་ནས་དད་ལྡན་ཆོས་ཞུ་བ་ལྔ་སྟོང་ཙམ་ཕེབས་ཡོད་ལུགས་བདེ་སྲུང་ལས་ཁུངས་ཀྱིས་གསུངས་འདུག ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མ་ཡན་མར་དང་ཤི་རི་ལངྐ་ཡི་ནང་པའི་དགེ་འདུན་པ་དང་ཁ་ཆེའི་དབར་འཁོན་འཁྲུག་ཡོང་བཞིན་པར་ཐུགས་འཚབ་ཡོད་པའི་བཀའ་གནང་འདུག་ལ་༸གོང་ས་མཆོག་གིས་མ་ཡན་མར་གྱི་ནང་པའི་དགེ་འདུན་པ་ཚོར་འཇིགས་སྐུལ་བ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིིིན་པ་དང༌། ཉེ་ཆར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ནང་ཆིབས་བསྒྱུར་གནང་སྐབས། མ་ཡན་མར་གྱི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཡང་སན་སུ་ཆི་མཆོག་དང་མཇལ་འཕྲད་གནང་སྐབས། ཁོང་ལ་དེའི་སྐོར་བཀའ་མོལ་ཞུ་སྐབས་ཁོང་ལའང་གནད་དོན་འདི་ཐོག་ཐུགས་འཚབ་ཆེན་པོ་འདུག་ཅེས་བཀའ་གནང་འདུག།
ཐེངས་འདིའི་ཉིན་གསུམ་དང་ཕྱེད་ཀའི་རིང་གི་བཀའ་ཆོས་རྣམས་༸གོང་ས་མཆོག་གི་དྲ་རྒྱའི་ཐོག་ཐད་ཀར་རྒྱང་སྲིང་ཞུ་རྒྱུ་ཡིན་འདུག་ལ། གསུང་ཆོས་ཆ་ཚང་དབྱིན་སྐད་དང་། བེ་ནམ། ར་ཤི་ཡའི་སྐད་སོགས་སུ་གསུང་བསྒྱུར་གནང་གི་ཡོད་འདུག༎