༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན།
2009.09.28
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་དོན་རླབས་ཆེན་བསྐྱངས་བཞིན་པའི་གནས་ཚུལ་དེ་ཕིརན་སིའི་གསར་འགྱུར་ལས་ཁང་ཨེ་ཨེབ་པི་ཡིས་གནས་ཚུལ་སྤེལ་ཡོད་པ་རེད། འདས་པའི་ཟླ་བ་གཉིས་ནང་༸གོང་ས་མཆོག་ཐེ་ལྦན་དང་སུས་སི་ཅེཀ་སྤྱི་མཐུན་རྒྱལ་ཁབ་སོལོ་སྦ་ཀེ་ཡ་དང་ཇར་མ་ནི་དེ་བཞིན་པོ་ལེན་བཅས་པའི་ཡུལ་ཁག་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
དེང་སྐབས་༸གོང་ས་མཆོག་ཨ་མི་རི་ཀ་དང་ཀེ་ནེ་དྲའི་ནང་ཆིབས་བསྒྱུར་བསྐྱངས་བཞིན་ཡོད་པ་རེད།བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསར་འགོད་པར་༸གོང་ས་མཆོག་གི་སྐུ་གཟུགས་ཀྱི་བབས་ཧ་ཅང་གི་ཡག་པོ་ཡོད་པ་རེད།ངོས་རང་གང་ཉིད་ལས་ལོ་ངོ་གསུམ་གྱི་ཆུང་བ་ཡིན་ནའང་༸གོང་ས་མཆོག་བཞིན་སྐུ་ལས་སྐྱོན་ཐུབ་ཀྱི་མིན་འདུག་ཅེས་གསུངས་འདུག
ཡང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་མཛད་འཕྲིན་ཤིན་ཏུ་ཆེ་བས་༸གོང་ས་མཆོག་མཇལ་ཁ་དང་གདན་ཞུ་ཕུལ་མཁན་བརྒྱ་ཆ་བརྒྱ་ནས་བརྒྱ་ཆ་ཉི་ཤུ་ཙམ་ལ་མ་་གཏོགས་ངོས་ལེན་གནང་ཐུབ་ཀྱི་མེད་པའི་སྐོར་གསུངས་འདུག
གོང་ས་མཆོག་ཉིན་ལྟར་ཞོག་པ་ཆུ་ཚོད་གསུམ་དང་ཕྱེད་ཀའི་ཐོག་སྐུ་བཞེངས་གནང་ནས་དགོང་དྲོ་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་སྐུ་གཟིམས་གནང་རྒྱུ་དེས་ཉིན་ལྟར་ཆུ་ཚོས་བཅུ་བདུན་རིང་ཕྱག་ལས་གནང་གི་ཡོད་པ་རེད་གསོལ་ཆས་ནང་གསོལ་ཀྲུམ་མེད་པ་དང་ཉིན་ལྟར་ཕོ་བྲང་ནང་ཞབས་ཐང་དང་དེ་མིན་མེ་ཤིན་གྱི་འཕྲུལ་ཆས་རྩེད་གནང་གི་ཡོད་སྐོར་སོགས་ཨེ་ཨེབ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད༎