༸གོང་ས་མཆོག་གིས་ཟངས་མདོག་དཔལ་རི་དབུ་འབྱེད།

༸གོང་ས་མཆོག་གིས་ལ་དྭགས་སུ་གསར་དུ་བཞེངས་པའི་ཟངས་མདོག་དཔལ་རིའི་ལྷ་ཁང་་རྟེན་དང་བརྟེན་པ་བཅས་པ་ལ་རབ་གནས་གནང་འདུག

2012.07.28

༄༅༎༸གོང་ས་མཆོག་ནས་ཕྱི་ཚེས་༢༨་ཉིན།  ལ་དྭགས་སུ་གསར་དུ་བཞེངས་པའི་ཟངས་མདོག་དཔལ་རིའི་ལྷ་ཁང་རྟེན་དང་བརྟེན་པ་བཅས་པ་ལ་རབ་གནས་གནང་འདུག
སྐབས་དེར་༸གོང་ས་མཆོག་ནས། ལ་དྭགས་མི་མང་གིས། རྒྱུན་དུ་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དང༌། ད་དུང་ཟངས་མདོག་དཔལ་རི་ལྷ་ཁང་དང་། གུ་རུ་རིན་པོ་ཆེའི་རྟེན་བཅས་བཞེངས་གནང་བ་ཐུགས་ཆེ་ཞེས་གསུངས་པ་དང་། སློབ་དཔོན་གུ་རུ་རིན་པོ་ཆེ་ནི། བོད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཅན་ཞིག་ཡིན་པའི་སྐོར་བཀའ་སློབ་བསྩལ་ཡོད་པ་རེད།
༸གོང་ས་མཆོག་ཟླ་བ་འདིའི་ཕྱི་ཚེས་༡༨་ཉིན་ལ་དྭགས་ཁུལ་དུ་ཕེབས་པ་དང༌། ཕྱིས་ཚེས་ ༢༦ ཉིན་དགེ་འདུན་པ་ཞལ་གྲངས་༥༠ ལྷག་ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་བ་དང༌། དེ་ནས་འཇམ་དབྱངས་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་ནས། སློབ་ཕྲུག་དང་མི་དམངས་༥༠༠ ལྷག་ལ་ལམ་སྟོན་བཀའ་སློབ་གནང་ཡོད་པ་དང༌།  ད་དུང་ཟངས་དཀར་དང་ལ་དྭགས་ཁུལ་དུ་བདུན་ཕྲག་གཅིག་ལྷག་བཞུགས་འཆར་ཡོད་འདུག།






བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎