ཀེམ་སྦིརིཇ་རུ་ཞབས་སོར་འཁོད།


2013.04.20
ཀེམ་སྦིརིཇ་རུ་ཞབས་སོར་འཁོད། ༸གོང་ས་མཆོག་ནས་ཨེས་ཊི་ཇོན་མཐོ་སློབ་ཏུ་བཀའ་སློབ་སློལ་བཞིན་པ།
༸གོང་ས་མཆོག་གི་དྲ་གནས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བྱང་ཨ་ཡིར་ལེནྜ་ཡི་ཆིབས་བསྒྱུར་མཛད་འཕྲིན་ལེགས་གྲུབ་ཀྱིས། ཕྱི་ཟླ་ ༤ ཚེས་ ༢༠ ཉིན་ དབྱིན་ཇིའི་གྲོང་ཁྱེར་ ཀེམ་སྦིརིཇ་རུ་ཞབས་སོར་འཁོད་གནང་མཛད་པ་དང། ༧གོང་ས་མཆོག་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དེའི་གོ་ལའི་མཁས་དབང་གི་བགྲོ་གླེང་ལྷན་ཚོགས་ནས་ཇི་ལྟར་གདན་ཞུ་ཕུལ་དོན་ལྟར། མཁས་པའི་ལྷན་ཚོགས་དེས་གོ་བསྒྲིགས་ཞུས་པའི་ འཚེ་མེད་ཞི་བ་དང་རྩོད་རྙོག་འདུམ་འགྲིག་གི་བརྗོད་གཞིའི་ཐོག་གི་བགྲོ་གླེང་གི་ཚོགས་འདུའི་ཐོག་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་ཡིན་པ་རེད།
ཆིབས་བསྒྱུར་གོ་བསྒྲིག་ཞུ་མཁན་ ཀེམ་སྦིརིཇ་མཐོ་རིམ་གཙུག་ལག་སློེབ་གྲྭའི་གོ་ལའི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན། Brianne Kent  གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཀེམ་སྦིརིཇ་རུ་ཆིབས་་བསྒྱུར་ཞབས་སོར་འཁོད་གནང་མཛད་པར་ང་ཚོ་བརྗོད་དུ་མི་ལངས་པའི་དགའ་ཚོར་ཆེན་པོ་ཡོད་ཅེས་དང།  ཁོང་གི་བཀའ་སློབ་ཀྱི་ཐོག་ནས་མཁས་པ་རྣམ་པས་རང་རང་སོ་སོའི་གཞི་ཡུལ་འདྲ་མིན་གྱི་ལས་རིགས་ཀྱི་བརྒྱུད་ལམ་དེ་འཛམ་གླིང་ནང་ཞི་བདེ་འཕེལ་རྒྱས་གཏང་རྒྱུའི་ལམ་དུ་བེད་སྤྱོད་གཏང་རྒྱུའི་བསམ་བློ་གསར་པ་ཞིག་བརྙེས་ཐུབ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎