༸གོང་ས་མཆོག་དང་ཨང་སན་སུ་ཀི་བར་མཇལ་འཕྲད་མཛད་ཡོད་པ།


2013.09.16
༸གོང་ས་མཆོག་དང་ཨང་སན་སུ་ཀི་བར་མཇལ་འཕྲད་མཛད་ཡོད་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨང་སན་སུ་ཀི་བར་མཇལ་འཕྲད་མཛད་ཡོད་པ།
༸གོང་ས་མཆོག་གི་དྲ་གནས།

༄༅༎ཁེ་ས་ཕྱི་ཚེས་༡༥རེས་གཟའ་ཉི་མའི་ཉིན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ ཕོ་རོམ་༢༠༠༠ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་གནང་བའི་སྐབས་དང་བསྟུན་ནས།  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མ་ཡན་མར་གྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཨང་སང་སུ་ཀི་རྣམ་གཉིས་དབར་མཇལ་འཕྲད་མཛད་གནང་འདུག།
གཞན་ཡང་ཉིན་གཉིས་ཀྱི་གོང་ཞུས་ལྷན་ཚོགས་སྐབས་ལྷོ་ཨཕ་རི་ཀའི་སྲིད་འཛིན་ཟུར་པ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་Frederik Willem de Klerk དང་། དེ་བཞིན་ཆོས་ཕྱོགས་དང་ཆབ་སྲིད། ཤེས་ཡོན། གསར་འགྱུར། ཚོང་ལས་སོགས་ཚན་པ་འདྲ་མིན་ཐོག་རྒྱལ་སྤྱིའ་ནང་སྙན་གྲགས་ཅན་གྱི་དབུ་འཁྲིད་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎