༸གོང་ས་མཆོག་གིས་བསོད་ནམས་གླིང་བོད་མིར་བཀའ་སློབ།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་བོད་མི་དང་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་བ།

2012.08.04

༄༅༎ཕྱི་ཟླ་ ༨ ཚེས་ ༣ ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སླེ་ལྕོག་ལམ་སར་ནང་རྟེན་གཞི་བྱས་པའི་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་སློབ་གླིང་ཐང་ཆེན་དུ་དད་ལྡན་སེར་སྐྱ་མི་མང་དང་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༧༠༠༠ བརྒལ་བར་བཀའ་སློབ་གནང་སྐབས། ང་ཚོ་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཀྱི་སྐབས་བོད་གངས་ཅན་པ་ཞེས་ཆོས་སྲིད་གང་ཅིའི་ཐོག་ནས་དབུས་ཨེ་ཤི་ཡའི་ནང་སྟོབས་དང་ལྡན་པ་ཞིག་ཆགས་ཡོད་པ་དེའི་བརྒྱུད་པ་ཆགས་ཡོད་ཀྱང་། བར་སྐབས་བོད་སིལ་བུར་འཐོར་ཆིག་སྒྲིལ་གྱི་གོང་བུའི་ནུས་པ་ཉམས་པ་དང་། ཡུལ་ལུང་སོ་སོའི་ནང་གི་བླ༌དཔོན་རྣམས་ནས་སོ་སོའི་སྡེ་ཁོ་ན་ལས། བོད་སྤྱིའི་བདེ་དོན་ལ་བསམ་བློ་གཏོང་རྒྱུ་ཉུང་དྲགས་པ། གཅིག་འོག་གཅིག་ཏུ་མ་བསྡུས་པའི་ཐོག་ནས་སོ་སོའི་ཕ་མེས་ཀྱི་གཟི་བརྗིད་ལྡན་པ་དེ་དག་རིམ་བཞིན་བྱབ་བསྐྱལ་ནས། མཐར་ང་ཚོ་བཙན་བྱོལ་བ་ཆགས་ཡོད་པ་དང་། ཐབས་སྡུག་ཤོས་དེ་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་གི་ཐ་ན་རང་ཉིད་ཀྱི་སྲོག་ཀྱང་ཧ་ལམ་རང་ཉིད་ལ་མ་དབང་བ་ལྟ་བུ་ཆགས་ཡོད་ཅེས་བཀའ་གནང་འདུག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རྒྱ་ནག་གིས་ཡོངས་སུ་བཙན་བཟུང་བྱས་ཏེ་དུས་འགྱུར་ཧ་ལས་པའི་ཆེན་པོ་བྱུང་བའི་རྐྱེན་ངན་གྲོགས་སུ་འགྱུར་བ་ལྟ་བུ་བྱུང་སྟེ་སླར་ཡང་བོད་མིའི་སྙིང་སྟོབས་འཕེལ་བ་དང༌། ཆོས་གསུམ་བོད་མི་ཡོངས་རྫོགས་ཀྱི་ཆིག་བསྒྲིལ་གྱི་ནུས་པ་ཧ་ལས་པའི་ཆེན་པོའི་ཐོག་གནས་ཏེ། རྒྱ་ནག་གཞུང་གིས་ཐབས་ཤེས་འཇམ་རྩུབ་སྣ་ཚོགས་གང་བྱས་ཀྱང་བོད་མིའི་སྙིང་སྟོབས་ཇེ་མཐོར་འགྲོ་བཞིན་ཡོད་པ་བཀའ་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎