སྙིང་རྗེ་དང་གུས་བརྩི་ཐོག་བཀའ་སློབ།


2013.09.14
སྙིང་རྗེ་དང་གུས་བརྩི། ༸གོང་ས་མཆོག་ནས་ཅེཀ་ཡི་རྒྱལ་ས་པ་ར་གའི་ནང་མང་ཚོགས་ལ་དེང་རབས་ཀྱི་སྤྱི་ཚོགས་ནང་སྙིང་རྗེ་དང་གུས་བརྩི་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ།
༢༠༠༠ ཐམ་པའི་གླེང་སྟེགས་ཀྱི་ཚོགས་པའི་དྲ་གནས།

༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་ ༡༤ ཉིན་ཅེཀ་ཡི་རྒྱལ་ས་ Prague རུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་།
མང་ཚོགས་སྟོང་ཕྲག་མང་པོར་དེང་རབས་ཀྱི་སྤྱི་ཚོགས་ནང་སྙིང་རྗེ་དང་གུས་བརྩི་ཞེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་སྩལ་གནང་མཛད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ནི་སྤྱི་ཚོགས་ནང་གནས་མཁན་གྱི་སེམས་ཅན་ཡིན་སྟབས་མི་སྒེར་སོ་སོའི་བདེ་སྐྱིད་ངོ་མ་ནི་སྤྱི་ཚོགས་ཁྱོན་ཡོངས་ལ་བདེ་སྐྱིད་ཡོད་མིན་གྱི་གནས་སྟངས་ལ་རག་ལུས་པ་ཡིན་སྟབས་རང་བདེ་དོན་གཉེར་ངོ་མ་ཞིག་བྱེད་པར་ངེས་པར་གཞན་གྱི་བདེ་བ་དོན་གཉེར་བྱ་རྒྱུར་བརྩོན་དགོས་པ་བཀའ་གནང་ཡོད་པ་རེད།  དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གལ་ཏེ་ཆོས་པ་ཚོས་སྟོན་པ་གང་ཞིག་གིས་གསུངས་པའི་བཀའ་དེ་བསམ་པ་རྣམ་དག་གི་ཐོག་ནས་ཉམས་ལེན་མ་བྱས་ཚེ་ཆོས་ལུགས་ཁག་ཀྱང་མ་ཡིན་ཡིན་མདོག་དང་། རྒྱབ་མདུན་ངོ་ལྐོག་འཁྲབ་པའི་ཆེ་རྐྱེན་དུ་འགྲོ་ཉེན་ཡོད་པ་བཀའ་གནང་འདུག།
ཕྱི་ཚེས་༡༥ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དགེ་བཤེས་བླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་རྒྱུ་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Prague རུ་ཚུགས་རྒྱུའི་ ༢༠༠༠ ཐམ་པའི་གླེང་སྟེགས་ཀྱི་ཚོགས་ཆེན་ཐོག་གཙོ་བོའི་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎