༸གོང་ས་མཆོག་ནས་ཉི་ཧོང་དུ་མཛད་འཆར་སྐྱོང་གནང་བཞིན་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གྲོས་ཚོགས་ནང་གདན་ཞུས་ཀྱིས་བཀའ་སློབ་བསྩལ་རྒྱུ་ཡིན་པའི་གནས་ཚུལ།

2012.11.10

༄༅༎ཉི་ཧོང་གི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་འཛུགས་རྒྱུ་དང་གོང་ས་མཆོག་གྲོས་ཚོགས་ནང་གདན་ཞུས་ཀྱིས་བཀའ་སློབ་བསྩལ་རྒྱུ་ཡིན་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་མཛད་འཆར་སྐྱོང་བཞིན་པར་ཕྱི་ཚེས་༡༠ཉིན་གྲོང་ཁྱེར་ཨོ་ཁི་ན་ཝ་ཁུལ་དུ་ཞབས་སོར་འཁོད་གནང་མཛད་པ་དང་། ཕྱི་ཚེས་༡༡་ཉིན་ཨོ་ཁི་ན་ཝ་ཁུལ་དུ་འགྲེམས་སྟོན་ཁང་ཁག་ལ་གཟིགས་སྐོར་གནང་རྗེས། མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་རིམ་ཡོད་འདུག །དེ་ནས་ཕྱི་ཚེས་༡༢་ཉིན་སྔ་དྲོར། གསར་འགོད་པ་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གྱི་མཛད་འཆར་གྲུབ་མཚམས། སླར་ཉི་ཧོང་གི་རྒྱལ་ས་ཁྲོག་ཡོ་ལ་ཞབས་སོར་འཁོད་གནང་མཛད་རྒྱུ་དང་། ཕྱི་ཚེས་༡༣་ཉིན་རྒྱལ་ས་ཊོག་ཡོ་ན་གནའ་རབས་དང་དེང་དུས་ཀྱི་ཤེས་རབ་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ཐོག་ཆིབས་བསྒྱུར་མཛད་འཆར་ཡོད་པ་མ་ཟད། ད་དུང་ཉི་ཧོང་གི་གྲོས་ཚོགས་སུ་གདན་ཞུས་ཀྱིས་བཀའ་སློབ་གནང་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཀྱང་ཐོན་འདུག
དེང་སང་ཉི་ཧོང་དང་རྒྱ་ནག་བར་གླིང་ཕྲན་རྩོད་གླེང་གི་འགལ་ཟླ་ཡོད་མུས། ༸གོང་ས་མཆོག་གི་མཛད་རིམ་དེས་རྒྱ་ནག་དང་ཉི་ཧོང་བར་མི་དགའ་བར་ཆེ་རུ་ཕྱིན་ཡོད་པ་དང་། ད་དུང་ཉི་ཧོང་གི་བདེ་སྲུང་བློེན་ཆེན་གཞོན་པ་ཨ་ཀི་ཧི་ས་ ན་ག་ཤི་མ་དང་། ཨ་མི་རི་ཀའི་ཆེས་མཐོའི་དཔོན་རིགས་ཁག་གཅིག་བར་གཟའ་པ་སངས་ཉིན་མཇལ་འཕྲད་གནང་སྟེ། ཡུལ་གྲུ་གཉིས་པོ་དམག་དོན་ཐབས་བྱུས་ཀྱི་འབྲེལ་ལམ་གཟབ་ཏུ་གཏོང་རྒྱུར་མོས་མཐུན་བྱུང་ཡོད་པ་དེས་ཀྱང་། རྒྱ་ནག་གཞུང་མི་དགའ་བ་ཆེན་པོ་གྱུར་ཡོད་འདུག།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎