སྒེར་པའི་སློབ་གྲྭའི་ནང་བཀའ་སློབ།


2013.04.29
སྒེར་པའི་སློབ་གྲྭའི་ནང་བཀའ་སློབ། ༸གོང་ས་མཆོག་གིས་ཌལ་ཧོར་གཏན་སློབ་ཀྱི་ཉེ་འགྲམ་དུ་ཡོད་པའི་སྒེར་གྱི་སློབ་གྲྭར་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་གནང་མཛད་ཡོད་པ།
༸གོང་ས་མཆོག་གི་དྲ་གནས།

༄༅༎ཁ་ས་ཕྱི་ཚེས་ ༢༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཌལ་ཧོར་གཏན་སློབ་ཀྱི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་སྒེར་པའི་སློབ་གྲྭ་Public Shool དུ་ཆིབས་སྒྱུར་བསྐྱངས་ཏེ་སློབ་གྲྭ་དེའི་སློབ་ཕྲུག་དང་ཉེ་འཁོར་ནས་ཆེད་བཅར་ཞུས་པའི་དགེ་ལས་སློབ་ཕྲུག་སྟོང་ཕྲག་བརྒལ་བར་སེམས་ཀྱི་སློབ་གསོའི་སྐོར་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་ཡོད་པ་དང༌། ཕྱི་ཚེས་ ༢༩ ཉིན། ༧གོང་ས་མཆོག་ནས་ཌལ་ཧོར་བོད་མིའི་གཏན་འཇགས་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་དང་། ས་གནས་སློབ་གྲྭ། དེ་བཞིན་ཁུལ་དེའི་ས་གནས་མི་མང་བཅས་ལ་བཀའ་སློབ་དང་། ལག་ལེན་སོ་བདུན་མའི་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་སྟེ། བཞུགས་སྒར་དུ་༸ཞབས་སོར་འཁོད་གནང་སྐབས་རྡ་སའི་མི་མང་དང་དད་ལྡན་པ་རྣམས་ནས་གཞུང་ལམ་གཡས་གཡོན་དུ་ལག་ཏུ་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུ་དང་། ཕོ་བྲང་གི་རྒྱལ་སྒོའི་ནང་ཁྲིམས་ཞིབ་པ་གཞན་གཉིས་དང་། ལྷན་ཁང་ཁག་གཅིག་གི་བཀའ་བློན་རྣམ་པ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎