༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་དད་ལྡན་པ་ཁྱོན་ ༣༥༠ བརྒལ་བར་མཇལ་ཁ་སྩལ་བ།

2025.01.13
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་དད་ལྡན་པ་ཁྱོན་ ༣༥༠ བརྒལ་བར་མཇལ་ཁ་སྩལ་བ། མཇལ་བཅར་བ་རྣམས་མཇལ་ཁ་གྲུབ་མཚམས། ༢༠༢༥།༠༡།༡༣ ཉིན།
RFA/ Pema Ngodup

ཟླ་བ་འདིའི་ཚེས་ ༡༣ རེས་གཟའ་ཟླ་བའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་བཀྲིས་ལྷུན་པོའི་དགོན་པའི་ནང་། བོད་མི་བགྲེས་སོང་དགུང་ལོ་ ༨༠ ཡན་དང་ཕྱི་རྒྱལ་གྱི་དད་ལྡན་པ་ཁྱོན་ ༣༥༠ བརྒལ་བར་མཇལ་ཁ་སྩལ་གནང་མཛད་ཡོད་པ་དང་། ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཐོབ་པར་དགའ་ཚོར་ཆེན་པོ་དང་སྐལ་བ་བཟང་པོ་བྱུང་ཞིང་། མགོན་པོ་མཆོག་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་པ་དང་བོད་དོན་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་ཡོད་ཅེས། མཇལ་བཅར་བ་རྣམས་ནས་མཇལ་ཁ་གྲུབ་མཚམས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

IMG_8968.png
མཇལ་བཅར་བ་རྣམས་མཇལ་ཁ་གྲུབ་མཚམས། ༢༠༢༥།༠༡།༡༣ ཉིན།

ཐེངས་འདིའི་མཇལ་བཅར་བའི་ཁོངས་སུ་རྒྱ་གར་བ་དང་ཕྱི་རྒྱལ་གྲུ་ཁག་གཅིག་ནས་ཀྱང་དད་ལྡན་པ་ཁག་གཅིག་བཅར་འདུག་པའི་ནང་། རྒྱ་གར་ལྷོ་ཕྱོགས་མེའི་སོར་གྲོང་ཁྱེར་གྱི་ཨེ་པོ་ལི་སྨན་ཁང་གི་རུས་པའི་སྨན་པ་ནི་ཏིན་ལགས་དང་ཁོང་གི་གཟའ་ཟླ་ཉེ་འབྲེལ་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་སྨན་པ་ནི་ཏིན་ལགས་ཀྱིས། སྦེ་ལ་ཀོ་པི་གཞིས་ཆགས་སུ་གནས་སྡོད་ངའི་ནད་པ་མང་པོ་ནས་༸གོང་ས་མཆོག་ལ་དད་གུས་ཧ་ཅང་ཆེན་པོ་གནང་གི་ཡོད་སྐོར་ཐོས་ཙང་། ང་ལ་ཡང་༸གོང་ས་མཆོག་མཇལ་འདོད་ཆེན་པོ་བྱུང་སོང་བས་ཐེངས་འདིར་མཚན་སྙན་ཆེ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་སར་བཅར་བ་ཡིན་ཞིང་། མགོན་པོ་མཆོག་གི་ཞལ་མཇལ་ཐོབ་པར་སྐལ་བ་བཟང་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱི་གསུངས་ན་ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཞུ་བ་ས་གནས་བོད་མི་སྐྱ་སེར་བགྲེས་སོང་གཙོས་པའི་ཕྱི་ནང་དད་ལྡན་པ་ ༣༥༠ བརྒལ་བ་ཞིག་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎