༧གོང་ས་མཆོག་ལ་རྗེ་ཙོང་ཁ་པ་ཆེན་པོའི་གཟེངས་རྟགས་འབུལ་བཞེས་མཛད་པ།


2019.12.21
༧གོང་ས་མཆོག་ལ་རྗེ་ཙོང་ཁ་པ་ཆེན་པོའི་གཟེངས་རྟགས་འབུལ་བཞེས་མཛད་པ། གཞུང་གོང་འོག་མང་པོ་ཞིག་དང་། ཕྱི་ནང་གི་གྲུབ་མཐའ་མང་པོ་ཞིག་བསྒྲིགས་ནས་དེའི་ཐོག་ནས་རང་གི་བསྟན་པ་དང་སྟོན་པ་ལ་ཚད་མའི་ལམ་ནས་ངེས་པ་དྲངས་པ་ཞིག་བྱུང་ན་སྐྱབས་འགྲོ་བརྟན་པོ་ཞིག་ཆགས་ཀྱི་རེད།
དགའ་ལྡན་ཕོ་བྲང་།

ཕྱི་ཟླ་༡༢ཚེས་༢༡རེས་གཟའ་སྤེན་པའི་ཉིན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བླ་སྤྱི་རུ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་༦༠༠འཁོར་བའི་དུས་ཚིགས་དང་དགའ་ལྡན་ལྔ་མཆོད་ཆེན་མོའི་མཛད་སྒོའི་ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་འཇམ་མགོན་བླ་མའི་རྗེས་འཇུག་དགེ་ལྡན་པ་ཡོངས་ཀྱི་ཚབ་མཛད་དེ་རི་བོ་དགེ་ལྡན་པ་སྤྱི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་འཇམ་མགོན་བླ་མའི་བསྟན་པར་མཛད་རྗེས་དང་བཀའ་དྲིན་ངོས་འཛིན་དུ་རྗེ་ཙོང་ཁ་པ་ཆེན་པོའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་རེད། ༧གོང་ས་མཆོག་ནས་ཆོས་བྱེད་པའི་རིང་ལ་སློབ་སྦྱོང་མ་བྱས་ན་ནོར་འཁྲུལ་ཡིན་པ་དང༌། ཆོས་བྱེད་པ་ལ་བྱེད་སྟངས་ཤེས་དགོས་པ་དང༌། དེ་ཡོང་བ་ལ་གཞུང་གོང་འོག་མང་པོ་ཞིག་དང་། ཕྱི་ནང་གི་གྲུབ་མཐའ་མང་པོ་ཞིག་བསྒྲིགས་ནས་དེའི་ཐོག་ནས་རང་གི་བསྟན་པ་དང་སྟོན་པ་ལ་ཚད་མའི་ལམ་ནས་ངེས་པ་དྲངས་པ་ཞིག་བྱུང་ན་སྐྱབས་འགྲོ་བརྟན་པོ་ཞིག་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་གནང་མཛད་འདུག ཞིབ་ཕྲའི་གནས་ཚུལ་འདི་གའི་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎