ཨ་རུ་ཎཱ་ཅལ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་པ།


2017.04.11
༸གོང་ས་མཆོག་གི་ཨ་རུ་ཎཱ་ཅལ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་བྱང་ཤར་ཨ་རུ་ཎཱ་ཅལ་ཁུལ་གྱི་ཆིབས་བསྒྱུར་ཁག་གྲུབ་ཏེ། དེ་རིང་ཕྱི་ཚེས་ ༡༡ སྔ་དྲོ་རྟ་དབང་ནས་ཐད་འཕུར་གནམ་གྲུ་བརྒྱུད་ཕེབས་ཐོན་ཟིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅༎༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྟ་དབང་ནས་ཆིབས་ཞལ་མ་བསྒྱུར་གོང་སྔ་དྲོ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེའི་ཆོས་རྭའི་ནང་འབྲུག་ནས་ཆེད་བཅར་ཞུས་པའི་དད་ལྡན་ཆོས་ཞུ་བ་བརྒྱ་ཕྲག་འགའ་ཤས་ལ་ནང་ཆོས་ལ་སློབ་གཉེར་བྱེད་དགོས་པའི་དམིགས་བསལ་བཀའ་སློབ་སྩལ་གནང་མཛད་འདུག
རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ཎཱ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་འགོག་ཐབས་སུ་རྒྱ་གར་གཞུང་ལ་སྐྱོན་བརྗོད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཤུགས་ཆེ་ཞུས་མིན་ལ་མ་བལྟོས་པར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༤ པའི་ཚེས་ ༧ ཉིན་མོན་རྟ་དབང་དུ་ཞབས་སོར་འཁོད་གནང་མཛད་པ་དང་། ཕྱི་ཚེས་ ༨ ནས་ ༡༠ བར་མང་ཚོགས་ཁྲི་ཚོ་འགའ་ཤས་ལ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ། རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་སོགས་ཆོས་འབྲེལ་རྒྱ་ཆེ་སྩལ་གནང་མཛད་ཡོད་པ་རེད།
དེ་བཞིན་མངའ་སྡེའི་གཞུང་དང་མི་དམངས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་མོན་གྱི་ས་ཁུལ་དུ་༸ཞབས་སོར་བཀྲིན་ཆེ་གནང་མཛད་པར་དགའ་བསུ་ཆེན་པོ་ཞུས་ཡོད་ལ། ཕྱི་ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་ཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་རིང་ཕྱི་ཚེས་ ༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྟ་དབང་ནས་ཆིབས་ཐོན་མཛད་སྐབས་ཕེབས་ལམ་གཡས་གཡོན་དུ་དད་ལྡན་པ་སྟོང་ཕྲག་མང་པོས་ཕེབས་སྐྱེལ་ཞུས་ཤིང་།  མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་དེ་མིན་ས་གནས་གཞུང་གི་གནད་ཡོད་ལས་བྱེད་པ་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནམ་ཐང་བར་ཕེབས་བསྐྱེལ་ཞུས་འདུག་ལ། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་འདིར་ཆིབས་བསྒྱུར་བསྐྱངས་གནང་མཛད་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སླར་ཡང་ཞབས་སོར་བཀྲིན་ཆེ་གནང་མཛད་པའི་གསོལ་འདེབས་ཞུས་འདུག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་རྟ་དབང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་གནང་ཡོང་བའི་སྐྱབས་འཇུག་ཞུས་ཡོད་པ་རེད།།
གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎