ལི་བི་ཡའི་གནད་དོན་སྐོར་རྒྱལ་ཁབ་བརྒྱད་ཀྱི་ཚོགས་འདུ།
2011.03.14
༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཀྲེན་ཕེརནསིའི་རྒྱལ་ས་པེ་རིས་སུ་ལི་བི་ཡའི་གནད་དོན་སྐོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་༨ཀྱི་ཚོགས་འདུར་ཕེབས་འབྱོར་གནང་ཡོད་པ་རེད་ ཡར་ཐོན་ཅན་གྱི་རྒྱལ་ཁབ་༨ཀྱི་ཚོགས་འདུ་དེའི་སྐབས་ལི་བི་ཡའི་ནང་ག་རྡ་ཕི་ཤོག་ཁག་གིས་གནམ་ཐོག་ནས་ཕྱོགས་འགལ་ཤོག་ཁག་ལ་རྒོལ་རྡུང་གཏོང་བའི་བྱ་སྤྱོད་དེ་མཚམས་འཇོག་ཡོང་རྒྱུའི་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་རེད་ དབྱིན་ཡུལ་དང་ཕིརན་སི་ངོས་ནས་ལི་བི་ཡས་གནམ་ཐོག་གནམ་དམག་གཏོང་མི་ཆོག་པའི་གནད་དོན་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནང་གྲོས་འཆར་ཞིག་ཀྱང་འདོན་གནང་རྒྱུའི་འཆར་གཞི་ཡོད་པ་རེད་