༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་མཇལ་ཁ་ཞུ་མཁན་ཚོར། གཞན་ཕན་གྱི་བསམ་པ་དང་སྙིང་རྗེའི་ཉམས་ལེན་གནང་དགོས་པའི་བཀའ་སྩལ་བ།

2022.09.13
༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་མཇལ་ཁ་ཞུ་མཁན་ཚོར། གཞན་ཕན་གྱི་བསམ་པ་དང་སྙིང་རྗེའི་ཉམས་ལེན་གནང་དགོས་པའི་བཀའ་སྩལ་བ། ༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་མཇལ་ཁ་ཞུ་མཁན་ཚོར་མཇལ་ཁ་སྩལ་བའི་སྐབས། ༢༠༢༢།༠༩།༡༣
OHHDL

ལྷོ་ཤར་ཨེ་ཤེ་ཡའི་ནང་གི་དམར་ཤོག་རྒྱལ་ཁབ་ཝི་ཏི་ནམ་གྱི་དད་ལྡན་པ་དང་ཆོས་དད་མེད་མཁན་གྱི་དོན་གཉེར་ཅན་སོགས། གཞོན་སྐྱེས་གཙོ་བོར་གྱུར་པའི་ཕོ་མོ་ཉིས་བརྒྱ་བཞི་བཅུ་ལྷག་ཅིག་ལ། བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་གིས་སྤྱི་ཟླ་༩པའི་ཚེས་༡༣ཉིན་མཇལ་ཁ་བཀའ་སློབ་སྩལ་ཡོད་ཅིང་། གཞི་རྩ་ཝི་ཏི་ནམ་ནས་མི་གྲངས་སུམ་བརྒྱ་ལྷག་ལྷོ་ཤར་ཨེ་ཤེ་ཡའི་གསུང་ཆོས་སུ་བཅར་པའི་ཁོངས་ཡིན་པ་དང་། སྣེ་ཤན་པ་རྒྱུད་སྨད་གྲྭ་ཚང་གི་དགེ་བཤེས་ལྷུན་འགྲུབ་བརྩོན་འགྲུས་ལགས་ནས། ༧གོང་ས་མཆོག་གིས་ཁོང་ཚོར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལམ་ནས་མི་ཕན་ཚུན་གུས་བརྩི་དང་བརྩེ་སེམས་བཅངས་རྒྱུ་གལ་ཆེན་ཡིན་པ་དང་། ཝི་ཏི་ནམ་ཕལ་ཆེ་བ་ནང་པའི་ཡུལ་གྲུ་ཡིན་པར་བརྟེན། ནང་ཆོས་ལ་རྩེ་གཅིག་གིས་དད་པ་ཡོད་པ་དང་༧རྒྱལ་བ་རིན་པོ་ཆེར་ཡིད་ཆེས་དང་དད་པ་ཡོད་ན། ༧རྒྱལ་བ་རིན་པོ་ཆེས་བྱང་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གྱི་མཐིལ་དུ་འཛིན་གྱི་ཡོད་པས། ཁྱེད་ཚོས་ཀྱང་གཞན་ཕན་གྱི་བསམ་པ་དང་སྟོང་ཉིད་ཀྱི་ལྟ་བ་སོགས་ཉམས་ལེན་ཧུར་ཐག་གནང་དགོས་ཞེས་བཀའ་ཕེབས་པ་འགྲེལ་བརྗོད་གནང་གི་འདུག

ཝེ་ཏི་ནམ་གྱི་མཇལ་བ་ཚོར་༧གོང་ས་མཆོག་གིས་བཀའ་སློབ་ཟབ་རྒྱས་གནང་བའི་ཁར། བྱང་སེམས་ཀྱི་སྡོམ་པའང་འབོག་འཇོག་གནང་བའི་ནང་ཝི་ཏི་ནམ་གཞུང་གི་འབྲེལ་ཡོད་མང་པོ་ཞིག་ཕེབས་ཡོད་པ་མ་ཟད། ཡང་ཝི་ཏི་ནམ་གྱི་གཞོན་སྐྱེས་ཅཱང་བཀན་ལུཀ་ལགས་ནས། ༧གོང་ས་མཆོག་ལ་ཁོ་རང་ཆེས་ཐོག་མར་མཇལ་རྒྱུ་བྱུང་བ་དེར། ཧ་ཅང་བསྐལ་བཟང་དུ་ཚོར་གྱི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

ང་རང་༧གོང་ས་མཆོག་ལ་མཇལ་བ་ཆེས་ཐོག་མ་དེ་ཡིན་པས་ཧ་ཅང་བསྐལ་བ་བཟང་པོར་ཚོར་གྱི་ཡོད། ༧གོང་ས་མཆོག་གི་བཀའ་ཆོས་ནི་ཧ་ཅང་གིས་རྣམ་དཔྱོད་ལྡན་པ་ཞིག་སྟེ། ཁོང་གིས་གང་གསུང་ཐམས་ཅད་གཏིང་ཟབ་མོ་དང་གོ་བདེ་བོ་འདུག་པ་མ་ཟད། ཁོང་ཉིད་ཧ་ཅང་བགད་མོ་སློང་རྒྱུར་ཐུགས་མཉེས་པོ་འདུག་པ་དེས་ང་ཚོ་ཕན་ཚུན་སེམས་ཐག་ཤིན་ཏུ་ཉེ་བོ་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

_SA10513.JPG

གཞན་ཡང་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེའི་སློབ་མ་ཧྥུང་ཨན་ལགས་ནས། མོ་རང་༧གོང་ས་མཆོག་ལ་མཇལ་ཏེ་དགའ་སྤྲོ་ཧ་ཅང་ཆེན་པོ་བྱུང་བ་དང་། ༧གོང་ས་མཆོག་གིས་ནམ་རྒྱུན་བྱང་སེམས་ཀྱི་ཉམས་ལེན་གསུང་བཞིན་པ་དེ་ཧ་ཅང་གལ་ཆེན་དུ་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

༧གོང་ས་མཆོག་གིས་ནམ་རྒྱུན་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱ་དགོས་པ་དང་ནང་ཆོས་ཉམས་ལེན་གནང་དགོས་པར་གསུང་བཞིན་པ་དེ། ཚེ་འདི་ག་ཙམ་མ་ཟད་ཚེ་རབས་ནས་ཚེ་རབས་སུ་ཉམས་ལེན་བྱ་དགོས་པ་ཧ་ཅང་གལ་གནད་ཆེན་པོར་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ད་ལན་ཝི་ཏི་ནམ་གྱི་ཚོ་ཁག་ཆེན་པོ་གཉིས་ནས་མཇལ་ཁ་ཞུ་མཁན་གྱི་ཁོངས་སུ། ཝི་ཏི་ནམ་རྒྱལ་ཁབ་ཀྱི་ཉེན་རྟོག་དཔོན་རིགས་དང་དམག་དཔུང་གི་མི་སྣ། གཞུང་ཞབས་ཟུར་པ་དང་གཞུང་ཞབས་ལས་ཐོག་པ་སོགས་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་མང་པོ་ཞིག་ཡོད་ཁར། ཚོང་པ་དང་ཤེས་ཡོན་པ།ཆོས་དད་མེད་པ་དང་ནང་པ་མིན་པའི་ཆོས་ལུགས་གཞན་ལ་དད་པ་བྱེད་མཁན་ཀྱང་ཚུད་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎