༸གོང་ས་མཆོག་འཛམ་གླིང་གྲཌ་ཅན་མི་སྣའི་ཁོངས་མཚན་བཏོན།

༸གོང་ས་མཆོག་འཛམ་གླིང་ནང་མིའི་མི་ཚེར་ཤུགས་རྐྱེན་སྤྲོད་ཐུབ་མཁན་གྱི་སྐྱེ་བོ་གྲགས་ཅན་བརྒྱའི་ཁོངས་མཚན་བཏོན་གནང་ཡོད་པ་རེད།

2009.04.29

༄༅༎ཨ་མི་རི་ཀའི་སྙན་གྲགས་ཆེ་བའི་ཀྲའེམ་དུས་དེབ་ཀྱིས་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་དང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་མིའི་མི་ཚེར་ཤུགས་རྐྱེན་སྤྲོད་ཐུབ་མཁན་གྱི་སྐྱེ་བོ་གྲགས་ཅན་བརྒྱའི་ཁོངས་མཚན་བཏོན་གནང་ཡོད་པ་རེད།

ཀྲའེམ་དུས་དེབ་ཀྱིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་གི་དབུ་ཁྲིད་དང་གསར་བརྗེ་པའི་མི་སྣ་གྲགས་ཅན་བརྒྱ་མཚན་གཞུང་གི་ཁོངས་བདམས་གནང་ཡོད་ཅིང་ཕྱོགས་མཚུངས་ཨེ་ཤེ་ཡའི་མངའ་ཁུལ་ལ་དཔར་བསྐྲུན་བྱེད་པའི་ཀྲའེམ་དུས་དེབ་ཀྱིས་ཕྱི་ལོ་ཉིས་སྟོང་དྲུག་ལོར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདས་པའི་ལོ་ངོ་དྲུག་བཅུ་ནས་ཨེ་ཤེ་ཡའི་མངའ་ཁུལ་ནང་བྱུང་བའི་ཨེ་ཤེ་ཡའི་དཔའ་བོ་ལྔའི་ཁོངས་མཚན་འདོན་གྱིས་ཆེ་བསྟོད་ཞུས་ཡོད་པ་རེད།

ཀྲའེམ་དུས་དེབ་ཀྱི་འདི་ལོའི་འཛམ་གླིང་ནང་ཤུགས་རྐྱེན་གཏོང་ཐུབ་པའི་མི་སྣ་གྲགས་ཆེ་བ་བརྒྱ་མཚན་གཞུང་གི་ནང་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ཨང་གྲགས་སུམ་ཅུ་སོ་བདུན་པ་དང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་ལ་དུས་དེབ་ལྟ་ཀློག་གནང་མཁན་འབུམ་དྲུག་དང་ཕྱེད་ཀ་ཙམ་གྱིས་འོས་འཕེན་གནང་སྟེ་ཨང་གྲགས་དྲུག་ཅུ་རེ་དྲུག་ལ་མཚན་བཀོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎